སྲིད་ཆོས་རྡོ་རྗེ། 2017-06-19
མཚན་མོ་དེའི་སྐར་འོད་མིག་ལ་འཚེར་ཞིང་།
ཡབ་ཆེན་གྱི་ཁ་བརྡ་སྙིང་ལ་བཅངས་ནས།
མཐོ་སྒང་གི་རྨི་ལམ་སེམས་ན་སྦྲུམ་ཡོད།
ཁྱེད་རང་ནི་ང་ཚོའི་སེམས་ཀྱི་ཉི་མ།
མཐོ་སྒང་གི་རྒྱལ་མཚན་ནུབ་མེད་དེ་ཡིན།
ཨ། ངའི་བློ་ཡུལ་གྱི་དྲིན་ཆེན་ཕ་ལོ།
ནམ་ཟླ་དེའི་མཛེས་སྡུག་སྙིང་ལ་འཁྲུངས་ཤིང་།
ཡབ་ཆེན་གྱི་བརྩེ་བ་དྲག་ལ་བཅོལ་ནས།
ཕ་ཁྱིམ་དེའི་མཛེས་པ་སེམས་ལ་ཉར་ཡོད།
ཁྱེད་རང་ནི་སེམས་ཀྱི་དཔྱིད་དཔལ་དེ་ཡིན།
གངས་རི་ལ་ཤར་བའི་ཉི་མ་དྲོན་པོ།
ཨ། ངའི་བློ་ཡུལ་གྱི་དྲིན་ཆེན་ཕ་ལོ།
རྐང་འོག་གི་ལམ་བུ་རྡོག་པས་མནན་ཞིང་།
ཡབ་ཆེན་གྱི་རྔུལ་ཆུ་སེམས་ལ་ཐོར་སོང་།
ཕ་ཡུལ་གྱི་གངས་རི་ཆུ་བོ་བརྒལ་ནས།
ཡབ་ཆེན་གྱི་མིག་ཆུའི་ཁྲོད་ནས་ཆས་ཡོད།
ཁྱེད་ཉིད་ནི་ངའི་སེམས་ཁོང་ནས་འཕུར་བའི་རྒོད་པོ།
ཨ། ངའི་བློ་ཡུལ་གྱི་དྲིན་ཆེན་ཕ་ལོ།
རྩོམ་གསར། 10