གཅེས་པར་བཟུང་།

ས་དམར་འབྲུག་རྒྱལ་མཁར།        2016-12-19

མི་ཚེ་ནམ་མཁའི་གློག་གི་ངང་ཚུལ།།

སྐྱིད་སྡུག་སྤྲིན་གསེབ་ཉི་འོད་རང་བཞིན།།

སྐྱིད་མ་སྡུག་གི་འཚོ་བའི་སྣང་ཚུལ།།

སྙིང་པོ་བྲལ་བ་འཇིག་རྟེན་ཆོས་ཉིད།།

ཆགས་སྡང་ཅན་གྱི་མི་ལུས་རིན་ཆེན།།

རྙེད་དཀའ་འཇིག་སླའི་མི་རྟག་སྒྱུ་མ།།

མཐོ་དམའ་བྲལ་བའི་ཕྱི་མའི་འཕྲང་རིམ།།

ཐབས་བརྒྱ་བཀོལ་ཡང་ལམ་བུ་གཅིག་པ།།

ཧོ་ཧོ་འཕྱ་བའི་མི་བུ་མང་ཡང་།།

སྣང་བ་མ་མཐོ་དེང་རབས་གསར་བུ།།

མཐོ་སྨད་ཀུན་ལ་འདང་ཞིག་བརྒྱབ་ནས།།

གཞན་སྲོག་མ་རྩེ་གཅེས་པར་ཟུངས་ཤིག 

བདེ་མོ་སྐྱིད་པོའི་འཚོ་གནས་མཁོ་བ།།

ཚེ་སྲོག་ཀུན་གྱི་དམིགས་ཡུལ་གཅིག་པ།།

རང་ཉིད་སྐྱིད་ཆེད་གཞན་སྲོག་རྩེ་བ།།

ག་དུས་རང་གི་སྟེང་ལ་ལོས་བབས།།


  • ལེ་ཚན་སྔོན་མ།:སེམས་ཚོར་མྱུར་མོ།
  • ལེ་ཚན་རྗེས་མ།:ལོ་ཟླ་བསུ་བར་སྐུལ་བ།