ལྷ་སྒང་རྩྭ་ཐང་གི་མཛེས་པ།

        2019-07-24

བཞག་བྲ་ལྷ་རྩེས་མགུལ་རྒྱན་བཏགས་དང་འདྲ།།

གྱེན་གཟར་རི་བོ་ཇི་འདྲའི་བརྗིད་ཉམས་ལྡན།།

རྗེས་དྲན་མཆོད་རྟེན་གསེར་འོད་ལམ་གྱིས་འཕྲོ།།

རྟ་བདུན་དབང་བོ་རི་བོའི་རྩེ་ནས་འཕགས།།


ཡངས་པའི་རྩྭ་ཐང་མུ་མཐའ་རྫོགས་རྒྱུ་མེད།།

རྟ་ནོར་རྣམས་ཀྱིས་རྩྭ་ཆུ་ལོངས་སུ་སྤྱོད།།

ཨ་ཁུ་འབྲོག་པའི་སྦྲ་ནག་གྲུ་བཞི་རུ།།

ཤ་མར་རྩམ་གྱི་དྲི་ཞིམ་འཐུལ་ལི་ལི།།


དུས་ཀྱི་ནམ་ཟླ་དེ་འདྲའི་གཡའ་དག་པ།།

ཁུ་བྱུག་གསུང་སྙན་སྒྲོག་པས་དཔྱིད་དུས་བསུ།།

མཛེས་སྡུག་ཡིད་དུ་འོང་བའི་ངང་ཚུལ་དེས།།

བུ་མོ་ང་ཡི་ཡིད་སེམས་དབང་མེད་འཕྲོག།


དུས་ཚིགས་རེ་རེའི་འགྱུར་བ་ངང་གིས་འདས།།

རབ་མཛེས་མཁའ་དབུགས་དྭངས་བའི་སེམས་པ་གསོ།།

ཨེ་མ་ས་མཐོའི་སྣང་ཚུལ་ཇི་འདྲའི་མཛེས།།

བདག་ནི་འགྱུར་མེད་ཡུལ་གྲུ་འདི་ལ་དགའ།།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་བདུན་གཅིག་འཛིན་གྲྭ། གདུགས་དཀར་སྒྲོལ་མ་ཆེ་བ།


  • ལེ་ཚན་སྔོན་མ།:ཀ་རྩོམ་སྙིང་གི་འབོད་སྐུལ།
  • ལེ་ཚན་རྗེས་མ།:གྲོང་ཁྱེར།