དེ་ལྟ་བུའི་ངང་མི་རྟག་དང་འཕྲད།

ཡེ་ཤེས་འཕྲིན་ལས།        2019-06-26

དེ་ལྟ་བུའི་ངང་མི་རྟག་དང་འཕྲད།

ཨ་མའི་པང་ནས།

མིག་ཆུ་ལྷུང་བའི་གཅེས་ཕྲུག

གང་དུ་མཆིས།


རབ་བེ་རིབ་བེའི་དྲན་པས།

སྣོག་སོང་བའི་བྱིས་སྒྲུང་གང་།


ཨ་ཕའི་རྒྱབ་ནས།

གཉིད་ཁུག་པའི་བུ་ཕྲུག

གང་དུ་གདའ།


མི་རྟག་གིས་གཅུན་པའི།

སྔ་དུས་ཀྱི་རང་བཞིན་གང་།


ཁོ་བོས།

སྐྱབས་འགྲོ་མང་པོ་འདོན་ནས།

མི་རྟག་པ་རྟག་པར་བཅོས་སྙམ།


ཅིའི་ཕྱིར

སྔོན་དུས་ན་རོལ་བའི་འཚོ་བ་སྟེ།

ལྷོད་སེང་སེང་གི་བདེ་སྐྱིད་མྱོང་ན་འདོད།


ཅིའི་ཕྱིར། རྨི་ལམ་ནས་རྨིས་པའི་སྒྱུ་མ་སྟེ། འཇམ་འཇགས་སེ་ཡི་ཁེར་རྐྱང་འཕྲད་ན་སྙམ།


༢༠༡༩.༥.༡༠


  • ལེ་ཚན་སྔོན་མ།:ལྷ་ཆོས་པ།
  • ལེ་ཚན་རྗེས་མ།:ཡིད་ཀྱི་ལྡེབས་རིས་ཧྲལ་ཧྲུལ།