གཙང་བོ།

ཕྱྭ་སྲས་ཕོ་ཉ།        2019-05-24

ཀི་ཅོ་དང་ངུ་སྒྲ་ཁ་མཆུའི་ཞགས་པ་འཕེན་པའི་ཟིང་ཟིང་འུར་འུར་གྱི་ཁོར་ཡུག་སྐྱ་བོ་ན།

བག་འཁུམས་སུ་རྒུད་དེ་ལང་ཚོ་ཟད་པ་མ་བགྱིས་ཤིག

 

དཀའ་འཕྲང་དུ་གཙང་བོ་ཤག་ཤག་ཏུ་བཞུར་དགོས།

སུས་ཀྱང་འགོག་ཐབས་མེད་པའི་རླུང་བུ་ལྟར། ལྷོ་ནས་ནུབ་ཏུ་བཞུར་དགོས།

བཞུར་ལམ་གྱི་མཚམས་སུ།

འདམ་རྫབ་ཀྱི་དྲི་མ་གོས་སྲིད་ཀྱང་འདག་ཏུ་བཅུག

བཟོད་སྲན་གྱིས་ལྷན་པ་རྒྱབ་སྟེ་བློ་ཕམ་དུ་མ་ལྷུང་བ་མདུན་དུ་བཞུར་དགོས།

 

རྡོ་དང་བྲག་རི་ཅིས་ཀྱང་འཇབ་རྒོལ་ཐུག་ཀྱང་།

ཐབས་ཤེས་ཀྱི་ཤེད་ཀྱིས་བསྒྱུར་དེ་གྲོལ་བར་བྱ།

གཙང་ཆུ་མང་པོ་ཞིག་འཁྱིལ་ནས་རྫ་རི་ཡི་སྒང་ནས་ཆས་འགྲོ།

 

འཇིག་རྟེན་དུ་ཡོད་ཚད་གཉིད་ལ་ཟིན་པའི་མཚན་མོར།

གཙང་བོས་འཇིག་རྟེན་དང་ས་མཚམས་བཅད་ནས་སིམ་མེ་བགྲོད་དེ།

ཁོག་དོགས་པའི་རྒལ་གཞུང་ནས་ནུབ་དགོས།

 

ཡུན་གྱིས་བཞུར་བཞུར་དང་། མཐར་ནོར་གྱི་གཏེར་གནས་ཤིག་ན།

གཏིང་ཟབ་ཀྱི་རྒྱ་མཚོ་ཆེན་པོ་དང་དབྱེར་མེད་དུ་འདྲེས་ནས།

དགའ་བདེ་རོ་འབྱུང་གི་ཟས་མེད་བདུད་རྩི་ཞིག་ཏུ་ཐིམ།


  • ལེ་ཚན་སྔོན་མ།:འཁོར་བ།
  • ལེ་ཚན་རྗེས་མ།:སྒོ་ཡོན་གྱིས་ཉེ་ཆར་གསར་དུ་བྲིས་པའི་སྙན་ངག་བདམས་བཀོད།