ཁྱོད་ཞལ་མ་མཐོང་བའི་ཉིན་ཞག

མིག་གསར་བ།        2019-05-17

ང་ནི་གྲོང་བ་འདི་ཡི་ནང་རོལ་ན།།

སྐྱོ་བ་སྒྱེ་གང་ཁུར་བའི་འབྲོག་ཕྲུག་ཡིན།།

ཁྱོད་ཞལ་མཐོང་བ་མེད་དེ་སྨྲེང་དྲགས་ནས།།

སྙན་ངག་ཆུ་བོ་བཞིན་དུ་བཞུར་སོང་ངོ་།།

ཁྱོད་ནི་དོ་ཞག་བར་སྣང་ཁམས་སུ་འཕྱོ།།

སྤྲིན་གྱི་རྒྱ་མཚོའི་ནང་ན་འཛུམ་ཞིག་བཞད།།

ཉི་མའི་གུར་ཁྱིམ་ནང་ན་དྲོད་ཅིག་བཞག།

ང་ཡི་ནང་སེམས་ལའང་བརྩེ་དུང་བྲིས།།

ཁྱོད་ནི་ང་ཡི་སེམས་ཀྱི་སྙན་ངག་ཡིན།།

ཁྱོད་ཞལ་མཐོང་བ་མེད་པས་སྐྱོ་བཞིན་ཡོད།།

དོ་ཞག་སེམས་པ་ཧ་ཅང་སྨྲེང་དྲགས་ནས།།

འཇིག་རྟེན་འདི་ལ་ཐེངས་རེར་སུན་སྣང་བྱུང་།།

འཁོར་བ་དགའ་སྐྱོ་ཟབ་མོའི་ནང་རོལ་དུ།།

སྐྱོ་བ་ཆང་དང་ལྷན་ཏུ་འཐུང་པའི་ཚེ།།

ང་ཡིས་རྨི་ལམ་གསར་བའི་ལམ་ཞིག་མཐོང་།།


  • ལེ་ཚན་སྔོན་མ།:༄༅།། ཕྱི་དྲོ་ཞིག་ལ་སེམས་ཀྱི་བདག་མོར་བསྒུགས་པ།
  • ལེ་ཚན་རྗེས་མ།:རྗེས་དྲན་དད་པའི་རླབས་ཕྲེང་།