བཀྲ་ཤིས་སྨོན་ཚིག

མིག་དོན།        2019-02-18

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་མཆོད་པ་དཀོན་མཆོག་གསུམ་པོ་ལ།།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཡོང་བའི།།

བཀྲ་ཤིས་སྨོན་ལམ་རིགས་དྲུག་ཡོངས་ལ་བཏབ།།

 

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་རླུང་དར་བཏགས་ཤིང་བསང་ཕུལ་ཏེ།།

བཀྲ་ཤིས་མཆོད་པ་ཡུལ་ལྷ་གཞི་བདག་ཕུལ།།

བཀྲ་ཤིས་བོད་ཀྱི་སྣོད་བཅུད་ལེགས་པར་ཤོག།

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་ཉི་མ་ཨ་སྔོན་དགུང་ནས་ཤར།།

བཀྲ་ཤིས་ཟླ་བ་བར་སྣང་དབྱིངས་ནས་འཚེར།།

བཀྲ་ཤིས་འབྲུ་རིགས་དོག་མོ་ས་ནས་རྒྱས།།

 

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་ཕྱི་ནང་ཀུན་གྱི་བོད་མི་ལ།།

བཀྲ་ཤིས་ལེགས་ཚོགས་ཀུན་གྱི་དགེ་ལེགས་ཀྱིས།།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག།

 

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་གཡང་གིས་ཕྱུག་པའི་ར་བའི་ནང་།།

བཀྲ་ཤིས་དཔལ་གྱི་དགེ་ལེགས་ཀུན་འཛོམས་ཏེ།།

བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ།།

 

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་ཚེ་རིང་ནད་མེད་ཡོང་བ་དང་།།

བཀྲ་ཤིས་དོན་འགྲུབ་རྒྱུ་ནོར་ལོངས་སྤྱོད་འཕེལ།།

བཀྲ་ཤིས་བརྩོན་འགྲུས་བློ་རིག་འཕེལ་བར་ཤོག།

 

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་ཀུན་འཛོམས་གངས་ལྗོངས་ཕྱུག་མོ་ལ།།

བཀྲ་ཤིས་སྲིད་འབྱོར་རིག་གསུམ་འཕེལ་གྱུར་ནས།།

བཀྲ་ཤིས་ཡང་ནས་བཀྲ་ཤིས་བདེ་ལེགས་ཞུ།།

 

བཀྲ་ཤིས་གནམ་ལོ་གསར་པའི་དུས་བཟང་ལ།།

བཀྲ་ཤིས་བོད་ལ་བདེ་སྐྱིད་འོད་སྣང་འཚེར།།

བཀྲ་ཤིས་སྒྲ་དབྱངས་འཛམ་གླིང་ཡོངས་ལ་ཁྱབ།།

བཀྲ་ཤིས་དགེ་མཚན་འགྲོ་ཀུན་ཡོངས་ལ་ཁྱབ།།


  • ལེ་ཚན་སྔོན་མ།:སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་སྦྱར་བའི་སྨོན་ཚིག
  • ལེ་ཚན་རྗེས་མ།:གནམ་ལོ་གསར་པར་ཕུལ་བའི་ཤིག་ཚིག