སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་སྦྱར་བའི་སྨོན་ཚིག

སྐལ་ཐུབ།        2019-02-18

མི་དམངས་སྟོབས་དང་ལྡན་ཞིང་རྒྱལ་ཁབ་འབྱོར་བས་ཕྱུག།

འགྲོ་བ་མི་ཡི་ཕུགས་རེ་མི་དམངས་དམངས་གཙོ་དར།།

སྤྱི་ཚོགས་ཡར་རྒྱས་དེང་རབས་ཅན་འགྱུར་དཔལ་ཡོན་འཛོམས།།

སྲོལ་རྒྱུན་མི་ཉམས་འཆམ་མཐུན་འཕེལ་རྒྱས་ཡོང་བ་སྟེ།།

དེ་འདྲའི་རྒྱལ་ཁབ་སྐྲུན་པར་བསམ་དོན་ལྷུན་འགྲུབ་ཤོག།

 

སྤྱི་ཚོགས་བཟང་པོའི་ཚད་ལ་འཇོག་པའི་རང་དབང་ཡོད།།

བཅའ་ཁྲིམས་མདུན་དུ་མི་རྣམས་ཐམས་ཅད་འདྲ་མཉམ་ཞིང་།།

སྐྱེ་བོ་ཀུན་ལ་དྲང་ཞིང་བདེན་པའི་ཁོར་ཡུག་བསྐྲུན།།

རྒྱལ་སྐྱོང་སྲིད་འཛིན་ཐབས་མཁས་ཁྲིམས་ཀྱིས་རབ་ཏུ་སྐྱོང་།།

དེ་འདྲའི་སྤྱི་ཚོགས་སྐྲུན་པར་བསམ་དོན་ལྷུན་འགྲུབ་ཤོག།

 

མེས་རྒྱལ་ལ་མཚོན་བརྩེ་བ་ཟབ་མོའི་གཅེས་སེམས་ཆེ།།

ལས་རིགས་ཀུན་ལ་རྣམ་གཡེང་སྤངས་ནས་ལས་ལ་བརྩོན།།

ཀུན་སྤྱོད་སྤྱོད་བཟང་ཁ་དན་ཚིག་གནས་ཡིད་རྟོན་ཆེ།།

གཅིག་བཀུར་གཅིག་རོགས་མཛའ་མཐུན་མཉམ་གནས་བྱེད་ལ་སྤྲོ།།

དེ་འདྲའི་སྤྱི་འབངས་སྐྱོང་བར་བསམ་དོན་ལྷུན་འགྲུབ་ཤོག།

 

རྒྱལ་ཁབ་དང་ནི་མི་རིགས་གང་ཞིག་ཡིན་ན་ཡང་།།

མི་བརྒྱ་སེམས་པ་གཅིག་ཏུ་བསྒྲིལ་བའི་མཐུན་སྒྲིལ་དང་།།

ཞུམ་མེད་འབད་འཐབ་མདུན་སྐྱོད་བྱེད་ལ་ཆེས་མཁོ་བའི།།

ཐུན་མོང་སྲོག་ཤིང་རིན་ཐང་ལྟ་བ་ཨེ་མ་རྨད།།


  • ལེ་ཚན་སྔོན་མ།:ལོ་སར་བའི་ཤིས་ཚིག
  • ལེ་ཚན་རྗེས་མ།:བཀྲ་ཤིས་སྨོན་ཚིག