སྒེའུ་ཁང་ནང་གི་དགུན་ཁ།

གཡུ་ལུང་གཡུང་དྲུང་འབུམ།        2019-01-14

གཅེར་བུར་བུད་ཅིང་རུས་སྒྲོམ་བཞིན་གྱི་སྡོང་པོ་དེ་དག

སྐམ་རན་དུ་གྱུར་བའི་རྒན་པོ་རེད།

དེའི་དུས་ཁོ་ལ་དགོས་པ་ཁ་བའི་རྒྱན་ཆ་ཡིན་མི་སྲིད།

དེའི་དུས་ཁོས་ཏག་ཏག་ཡུལ་ལྗོངས་གཞན་ཞིག་དྲན་གྱིན་ཡོད་སྲིད།

ཡུལ་ལྗོངས་དེ་ཡང་རྒྱང་རིང་གི་ཕ་ཡུལ་ན།

གླེང་གཞིར་གྱུར་ཅིང་རེ་བས་སྒུག་གིན་པ་དེ་ཡིན་སྲིད།


ཚུ་རོལ་ཏུ། ཁ་བ་ནི་མཛེས་སྡུག་ཅིག

ཕ་རོལ་ཏུ། ཁ་བ་ནི་མི་སྡུག་ཅིག


གང་ལྟར་ཀྱང་།

གྲང་ལྷགས་ནི་དགུན་གཞུང་འདིའི་འཇགས་མི་སྲིད་

པའི་སྙིང་གི་འཕར་ལྡིང་ཡིན་ན།

བརྩེ་ཞེན་གྱི་རུ་མ་འདི་གངས་ཁྲོད་དུ་བག་ཉལ་བའི་རླབས་

རྒྱུན་ཞིག་གི་ལུང་བསྟན་ཡིན་ངེས།


  • ལེ་ཚན་སྔོན་མ།:ཐོལ་རྩོམ།
  • ལེ་ཚན་རྗེས་མ།:བུད་མེད།