སྟོན་ནམ་རིང་མོའི་རྨི་ལམ།

སྲོད་རླུང་།        2018-10-19

ཉི་འོད་ཚ་རླབས་ཀྱིས་བསྲེགས་ཏེ་འགྲོ་བའི་སྟོན་ཁ་དེར།

ཁྱེད་ཀྱིས་རང་གི་མིག་མདུན་གྱི་སེར་ཐིག་བབས་པའི་

སྡོང་ལོ་འགའ་བསྒྲུགས་སྟེ།

འདས་དོན་གང་ཞིག་དང་འབྱུང་འགྱུར་ཅི་ཞིག་རྨི་

ལམ་དུ་བསྒོམས་ནས།

རང་ཉིད་ལ་དབང་བའི་ནམ་མཁའ་དེ་སྤྱད་ཆོག

རང་ཉིད་འཆར་བྱེད་ཀྱི་སྟོན་ཁའི་ནམ་ཟླ་འདིས།

དུས་ཚོད་དང་གཙང་བོ་ལ་ལྕགས་ཀྱི་མདུད་པ་རྒྱག་ཆོག

ཁྲུང་ཁྲུང་གི་ཕྱི་མིག་ལམ་དུ།

ཁྱོད་ཀྱིས་རང་གི་ལྷམ་ཆུང་ལ་བདག་པོ་བརྒྱབས་ཏེ།

བསྡུས་གཟུགས་སུ་མངོན་པའི་སྟོན་ཁ་འདིར།

ཡིད་ཚིམ་པའི་གླུ་ཞིག་ལེན་པ་ནི་

རྨི་ལམ་གྱི་ས་བོན་ཡིན།

ཀྱེ་གྲོགས་པོ།

ཚེ་སྲོག་གི་བདེན་པ།

འཁོར་བའི་ཆོས་ཉིད་ཀྱིས་གཏོར་འགྲོ་བར་བསམ་དུས།

ཁྱོད་ཀྱིས་རང་ཉིད་མཚོན་བྱེད་ཀྱི་སྟོན་ཁ་དེ་དྲན་པར་བྱོས།


  • ལེ་ཚན་སྔོན་མ།:སེམས་ཀྱི་དྲན་སྐུལ།
  • ལེ་ཚན་རྗེས་མ།:འཚོ་བའི་སྐར་ཚོམ།