རི་སྤྱང་། 2018-08-10
ཁྱེད་ཀྱིས་ཞབས་རྗེས་རྡོ་བར་བཀོད་ཡོད།
རྡོ་བ་དེ་ནི་ཁྱེད་དང་འབྲེལ་བ་མི་འདུག
ཁྱེད་ཀྱིས་བར་སྣང་དུ་ཉིན་མཚན་གཉིས་ལ་གཟིགས།
ཐང་སྟོང་དུ་རྒྱུ་བཞིན་པའི་སེམས་ཅན་དེ་ཚོར་གཟིགས།
ཁྱེད་ཀྱི་སྤྱན་གཉིས་ལ་མེ་སྟག་གི་ཟིལ་བ་འཕྲོས་བྱུང་།
དེ་ནི་ཤིན་ཏུ་འཁྱག་པའི་མཚན་མོ་ཞིག་ཡིན།
ཤཱཀྱ་ཐུབ་པ།
ཁྱེད་ཀྱིས་མཚན་མོའི་མུན་ནག་གི་ཡོལ་བ་ཕྱེས་ཏེ།
འཇིག་རྟེན་འཁྱག་པ་འདི།
གཡའ་དག་པའི་མེ་ལོང་ཞིག་ཏུ་བསྒྱུར་འདོད་ཀྱང་།
ཁྱེད་ཀྱི་ཡོད་ཚད་རང་དབང་ན་མི་འདུག
དེའི་ཕྱིར་ངས་ཁྱེད་ལ་ལེ་བདའ་དང་སྡིགས་མོ་མི་བྱེད།
རྩོམ་གསར། 10