བདེ་སྐྱིད།

ཁ་བ་རྐང་གླིང་།        2018-07-25

ཆར་བ་ཟིམ་ཟིམ་དུ་འབབ།

མི་ཚོགས་ཀྱི་ཁོལ་བའི་ཁྲོམ་ལམ་དུ།

མི་རེས་ཆར་གདུགས་རེ་ཁྱེར་ནས་འགྲོ

 

ཟམ་ཟིམ་གྱི་ཆར་བ།

བུ་མོ་ཚོའི་སྙིང་ཁ་རུ་བབས་ཏེ།

སེམས་པ་དག་བརླན་པར་བྱས།

གྲང་ཤུར་ཤུར་གྱི་སེམས་པ།

 

དམར་ཆིལ་ཆིལ་དུ་ཟག་པའི་སྙིང་ཁྲག་ལྟར།

ཐག་རིང་གི་ཐག་རིང་ལ་བསྐུར་ནས།

དྲོད་ལམ་ལམ་གྱི་ཉི་འོད་ལྟ་བུའི་སེམས་པ་ཞིག་བརླན།

སེམས་པ་འདི། ཚ་སོབ་སོབ་ཏུ།

 

བདེ་སྐྱིད་ནི་འདིའོ་ཞེས་འགྲེལ་བཤད་རེ་རྒྱག


  • ལེ་ཚན་སྔོན་མ།:མེ་ཏོག་སྐོར་ཞིག
  • ལེ་ཚན་རྗེས་མ།:མིང་མེད།