སེམས་ཀྱི་སྨོན་པ།

ཁྱུང་གཤོག        2018-07-02

ཉི་འོད་ཀྱི་བཞུར་རྒྱུན་ལས།

ཁྱེད་ཚོ་ནི་དྭངས་གཙང་གི་ཞོགས་པ་དེ་ཡིན།

རྣམ་རིག་ཀྲོང་ཀྲོང་གིས།

མདུན་ཕྱོགས་ཁོ་ནར་འགྲོ་བ་དྲན།

སྐྱིད་ཤོད་ཐང་གི་ཁེར་རྐྱང་གི་ངས།

 

བྱམས་དུང་གི་དྲོད་ཁོལ་འོག་བཞད་ནས།

དབྱངས་གསལ་གྱི་ཟེའུ་འབྲུ་ཞོ་རྩི་རུ་བསྙལ་བ།

ད་ནི་ཡུན་རིང་སྦྲུམ་པའི་རྨི་ལམ་དུ་འདེབས་དགོས།

ད་ནི་རུས་པའི་གསེང་གི་ན་ཟུག་ལས་བསྐྱེད་དགོས།

 

དུས་ཚོད་ཀྱི་མཐོང་དུ་མེད་པའི་རླབས་རྒྱུན་ལས།

ཁྱེད་ཚོ་རྒྱང་དུ་འཕུར་རན་སོང་།

ལོ་ཟླའི་གཉེར་རིས་ལ་ཕབ་པའི་འདང་བརྩེ་དག

འཚར་ལོངས་ཀྱི་གོ་རིམ་ལས་བཞད་ཡོང་།

ལང་ཚོའི་གདངས་དབྱངས་ལས་མཆེད་སྲིད།

 

སྤོབས་པའི་གཤོག་རྡང་དམ་པའི་འགྱུར་ཁུགས་ལས།

དཔའ་གདེང་དང་ཡིད་ཆེས།

འཕུར་བསྐྱོད་ཀྱི་དཔུང་ཡ་རུ་བཞེས་དང་།

ཉི་མ་དང་གངས་རི། 

མེ་ཏོག་དང་གཙང་ཆུའི་ཕ་རོལ་ནས།

ཁྱེད་ཚོར་སྐྱ་རེངས་གསར་བ་ཞིག་འཚེར་ངེས་ཡིན།


  • ལེ་ཚན་སྔོན་མ།:ཁྱི་ཡི་ལོ་ལ་ཁྱི་དང་ཁྱི་མགྱོགས་བརྗོད།
  • ལེ་ཚན་རྗེས་མ།:ཕམ་ཁའི་བུ་མོར་རྒྱལ་ཁའི་ལྷ་སྲས་འཁྲུངས།