གུང་ཁྲན་ཏང་གི་འོད་ཟེར།

བསྟན་པ་ཆོས་བཟང་།        2018-06-29

གུང་ཁྲན་ཏང་གི་དྲོ་སྐྱིད་འོད་ཟེར་དེ། །

གངས་ལྗོངས་ས་མཐོ་མཛེས་པའི་དབུ་རྩེར་ཕོག །

སྐལ་བཟང་རྫོགས་ལྡན་སྤྱི་ཚོགས་གསར་པའི་ནང་། །

སྲིད་འབྱོར་རིག་གསུམ་དབྱར་མཚོ་བཞིན་དུ་རྒྱས། །

བླ་ན་མེད་པའི་མགོན་སྐྱབས་གུང་ཁྲན་ཏང་། །

འཇིག་རྟེན་འདི་ན་ཉམས་མེད་ལྷུན་པོ་བཞིན། །

གང་གི་འཕྲིན་ལས་ཉིན་བྱེད་སྟོང་ལས་རྒྱས། །

གངས་ཅན་པད་མའི་གེ་སར་རབ་ཏུ་འཕྲོ། །

དུས་རབས་ཉེར་གཅིག་རྟ་བདུན་དབང་པོའི་ཐུགས། །

ཕྱོགས་བཞིའི་སྒོ་མོ་དབྱེ་བའི་མཛད་ཕྱོགས་ཀྱིས། །

སྔར་སོང་མཐོང་མྱོང་མེད་པའི་ལྕགས་ལམ་བསྐྲུན། །

ཕྱི་འབྲེལ་འབྲེལ་བ་འཛུགས་པའི་ལམ་སྟོན་མཛད། །

སྔ་མ་དབུལ་ཞིང་ཕོངས་པའི་གངས་ཅན་ལྗོངས། །

ད་ཆ་གུང་ཁྲན་ཏང་གི་ཁྲིད་སྟོན་འོག །

དཔལ་འབྱོར་ཚན་རྩལ་དར་བའི་ཞིང་སར་གྱུར། །

ལྷ་ཡི་གྲོང་དང་ཁྱད་པར་ཅི་ལ་ཡོད། །


  • ལེ་ཚན་སྔོན་མ།:དྲན་སེམས་བརྒལ་བའི་མི་རྐྱང་།
  • ལེ་ཚན་རྗེས་མ།:དྲན་པའི་ཚིག་གསུམ་བསྐུར་འདོད།