ཉི་ཚེ། 2018-04-10
རང་ཡིད་འགུག་པའི་མི་ལ།།
སྙིང་གཏམ་དག་དག་བཤད་ཡོད།།
ལོ་དང་ཟླ་བ་འགོར་ཡང་།།
ངོ་ཡི་འཛུམ་ཞིག་མ་ཚོར།།
འཕྲད་པའི་དུས་ཤིག་སྒུག་ཀྱང་།།
གོ་སྐབས་ཡོད་ཚད་བྱོལ་སོང་།།
སྙིང་གྲོགས་ཨེ་ཡོང་བསམ་ནས།།
ཚིག་གི་མདུད་པ་བརྒྱབ་ཡོད།།
ལ་དང་འགག་ཕྲེང་བཅད་ནས།།
ཕར་ལ་ཅི་ལྟར་བཅར་ན།།
ཚུར་ལ་དེ་ལྟར་བཀྱེད་འགྲོ།
རེ་འདོད་རེ་བ་ཤི་སོང་།།
ཁ་ཡག་བསླུ་བྲིད་བཙན་པོས།།
གང་སར་ཁྲིད་ནས་རྒྱུགས་འགྲོ།
གཞོན་པའི་དུས་འདི་མཚར་བ།།
བུད་མེད་གཤིས་འདི་གྱོང་པོ།།
མནའ་ཁ་ཚིག་གིས་རྩབ་ཡང་།།
དོན་དངོས་དང་ལེན་མེད་ཁུ།།
ལས་དབང་མེད་པར་བསམ་ནས།།
ལས་འཕྲོ་བཅད་ནས་གྱེས་དུས།།
གང་གི་ས་ནས་འཕྲད་ན།།
མཚམས་འདྲི་ཡང་ཡང་ཞུ་ཞོར།།
དགའ་མདོག་དུངས་མདོག་སྟོན་གི།
འགྲིག་ལུགས་མཐུན་ལུགས་ལབ་གི།།
སྙིང་གྲོགས་ཡོད་རབས་བཤད་ན།།
མིག་གི་རྫི་མ་ལྡེམ་ལྡེམ།།
ངག་ནས་ལྡབ་ལྡིབ་བཤད་གི།
མི་སེམས་གསོད་པའི་ཚིག་ངན།།
ནན་གྱིས་འདྲི་བར་མ་བྱེད།།
ང་ལ་བཤད་ཕོད་མེད་གི།
ལས་འདི་སྔོན་ནས་བསགས་པའི།།
མ་འཇལ་བུ་ལོན་ཨེ་རེད།།
རྩོམ་གསར། 10