ལྷོ་སྨོན 2017-12-25
ཕ་སྐད་མ་ཡིག་ཚིག་ཏུ་བྱས་ནས།།
བྱེའུ་ཆུང་འཇོལ་མོའི་ངག་གི་རྩལ་ལས།།
གངས་ཅན་བོད་མིའི་རྣ་བའི་བདུད་རྩི། །
རིགས་ཞེན་བུ་མོ་ཁྱོད་ཀྱི་སྙན་དབྱངས། །
ཆོལ་གསུམ་སྤུན་ཟླ་མཉམ་དུ་སྒྲིལ་ཤོག།
མཛའ་བརྩེའི་གསེར་ཐག་ཆད་འདི་མི་ཉན། །
སེམས་ཀྱི་སྙིང་གཏམ་གླུ་རུ་ལེན་པའི། །
(ཞི་བདེ་)སེམས་ཀྱི་ལྷ་བྱ་དཀར་པོ། །
གསར་གཏོད་རིག་པ་བག་མར་ལེན་ཅིག།
སྐད་ཡིག་བུ་ཚ་ལེགས་པར་སྐྱོང་ཞིག།
ཆོས་སྲིད་ཟུང་འབྲེལ་ཁྱིམ་འདི་སྐྱོང་ཞིག །
(བཟའ་མི་གསུམ་)ཀྱི་གཏམ་འདི་སྙན་བྱུང་། །
གར་སྟེགས་སྟེང་གི་ལང་ཚོའི་མེ་ཏོག།
རྩྭ་ཐང་སྟེང་གི་མཚར་སྡུག་མེ་ཏོག།
སྐྱེ་བོའི་སེམས་ཀྱི་སྙིང་གི་མེ་ཏོག།
གངས་ཅན་བོད་མིའི་གླུ་ཡི་ལྷ་མོ། །
ཁྱེད་རང་ཐད་པ་ངོ་མ་སྔ་སོང་། །
ལེན་འཕྲོར་ལུས་པའི་མགུར་གླུ་སུས་ལེན། །
གཅེས་ཕྲུག་ཁོང་ལ་བཀའ་སློབ་སུས་བྱེད། །
ཆོལ་གསུམ་སྤུན་ཟླར་བརྩེ་བ་སུས་གླེང་།།
མ་བརྗེད་ཡི་རངས་ངག་གི་ལྷ་མོ། །
བདེ་བར་ཕེབས་ཤིག་དབྱངས་ཀྱི་ལྷ་མོ། །
གླུ་ལ་དགའ་བའི་སྐྱེ་བུ་ང་འདྲས། །
ཡིག་དྲུག་མ་ཎིས་སྨོན་ལམ་བརྒྱབ་ཆོག།
ལས་འདི་མི་རྟག་རྩྭ་སྟེང་ཟིལ་པ །།
བདེ་བ་མི་རྟག་ཆུ་ནང་ཟླ་བ།།
ཐམས་ཅད་ལས་ཀྱི་བཀོད་ཐང་ཡིན་ན། །
བདེ་བར་ཕེབས་ཤིག་བོད་ཀྱི་གླུ་མ། །
རྩོམ་གསར། 10