སྐྱེ་བའི་དོན་པོ།(གླུ་ཚིག)

རྡོ་རྗེ་ཁྱུང་གྲགས།    སྦྲང་ཆར།    2013-11-28

སྐྱེ་བའི་དོན་པོ།(གླུ་ཚིག)

ཡ་ཐོད་དཔྲལ་བའི་གཞུང་ལ།
ཁྲ་ཆེན་མིག་གཉིས་བཀོད་ཡོད།
མིག་འདིས་བོད་ཡིག་ཟིན་མིན།
བུ་ཕོ་རང་ལ་ཐུག་ཡོད།
 
མིག་ཐག་ཕྲ་མོའི་ཁ་ལ།
དམར་པོའི་ལྕེ་ཆུང་བཏགས་ཡོད།
ལྕེ་འདིས་བོད་སྐད་བཤད་མིན།
བུ་མོ་རང་ལ་ཐུག་ཡོད།
 
བྱང་ཁོག་གྲུ་བཞིའི་དབུས་ལ།
སྙིང་གི་མཆོང་གུར་ཕུབ་ཡོད།
ཞེ་ལ་རུས་ཞེན་ཡོད་མེད།
རང་རང་ཁྲེལ་ལ་ཐུག་ཡོད།
 
ཚེ་རབས་ཕྲེང་བའི་གསེབ་ནས།
དལ་རྟེན་གཙང་མ་རྙེད་ཡོད།
སྐྱེ་བའི་དོན་པོ་འཁྱོངས་མིན།
སྐྱེ་བ་འདི་ལ་ཐུག་ཡོད།
  • ལེ་ཚན་སྔོན་མ།:ངའི་ནམ་མཁའ། (གླུ་ཚིག)
  • ལེ་ཚན་རྗེས་མ།: རེ་འབོད་སྙིང་གི་འཕར་སྒྲ།