༡གཉེན་རི་ལ་ཤོར་ན་དགྲ་ལས་སྡང་།དགྲ་ཁྱིམ་འོག་ཚུད་ན་བུ་ལས་བྱམས།
༢བཤད་རན་དུས་བླ་མའི་གསུང་སྐད་འགག རྒྱུག་རན་དུས་ཤ་ཁྱིའི་ལག་པ་ཆག
༣རྔ་མོང་ཆེ་ཡང་སྒོ་ཟོག རི་བོང་ཆུང་ཡང་རི་དྭགས།
༤སྟེང་མི་འགྱུར་བའི་ཀ་བ།འོག་མི་འགྱུར་བའི་ཀ་རྡོ།
༥རྐང་པ་ཆུ་ལ་མ་བསྲིངས་ན།ཉ་མོ་ལག་པས་འཛིན་ཐབས་མེད།
༦སྐམ་པོ་རྡོ་ཡིས་རྡུང་།རློན་པ་གྲི་ཡིས་གཅོད།
༧ལི་ལི་གཉིད་དུ་སོང་ཡང་།བསམ་རྒྱུ་ལ་ཙི་གུ་ཡིན།
༨ལུང་པ་གཅིག་ལ་སྟག་གཟིག་གཉིས།ཤོང་ལུགས་ཡོད་དེ་འགྲིག་ལུགས་མེད།
༩ལ་ལའི་ལྟ་བ་ལྟ་བ་རེད།ལ་ལའི་ལྟ་བ་ལྟས་ངན་རེད།
༡༠ཉེ་རིང་མེད་པའི་གཏམ་བཤད།ཆེ་ཆུང་མེད་པའི་སྐལ་བགོ།
༡༡སྤྲུལ་སྐུ་བྱ་ལག་མང་ན།གསེར་སྐུ་ཟངས་ལ་གྱུར།
༡༢ཡོད་པོའི་རྟ་ཕོ་ར་ཕོ་ཡིན་ན།མེད་པོའི་ར་ཕོ་རྟ་ཕོ་ཡིན།
༡༣རྗེ་ཤྰཀྱ་ཐུབ་པའི་སྐུ་མདུན་ནས།ཀུན་དགའ་བོ་མཁས་མདོག་མ་ཡིན་ཏེ།ཆོས་མདོ་སྡེ་མི་གླེང་ཀ་མེད་རེད།
༡༤རུམ་ནང་ཅི་ཡོད་ལག་མགོ།
༡༥རང་གི་ཡིད་ལ་བབས་ན།སྐེད་པ་མེད་ཀྱང་མཛེས་སྣང་འཆར།
༡༦བརྒྱགས་པ་ཡིས་ཆོས་དྲན།ལྟོགས་པ་ཡིས་རྐུ་དྲན།