ཁམས་པའི་དམངས་ཁྲོད་ཀྱི་ཁེད།༢

གངས་དབང་གིས།        2012-12-11

ཁམས་པའི་དམངས་ཁྲོད་ཀྱི་ཁེད།༢
༡  བན་དེ་བཅུ་ཡིས་མེ་ལ་བསྲོ།
   གའུ་བཅུ་དེ་རྒྱབ་ལ་འཕངས།  མཛུབ་མོ་བཅུ།
༢  མནན་ན་མཐེབ་གང་།
   མངགས་ན་རི་གང་།  མིག
༣  ཟངས་མའི་སྦུ་གུ་ཉིས་གཤིབ།  སྣ།
༤  བརྒྱ་ལུག་རྡང་ལ་བསྟར་འདྲ།  སོ།
༥  དོམ་ནག་པོ་ཐོད་ན་ཉལ་འདྲ།  སྨིན་མ།
༦  ཐུག་ཐུག་ཟེར་ན་མི་ཐུག
  མི་ཐུག་ཟེར་ན་ཐུག་པ།   ཡ་མཆུ་དང་མ་མཆུ།
༧  ཤིང་གོག་གཅིག་ལ་འབུ་ཁུང་བདུན།  མགོ།
༨  དཀར་གསལ་ཟླ་བ་ཚེས་འདྲ།  གདོང་།
༩  མཁའ་ལ་ཉི་མ་ཤར་འདྲ།  ཐོད་པ།
༡༠  ཁྱི་མོ་དམར་མོ་ཚང་ལ་ཉལ།
   ལུག་གཡང་དཀར་སུམ་ཅུ་དེ་ལ་འཁོར།   ལྕེ་དང་སོ།
༡༡  འགུགས་མཁས་པས་སྒ་རུ་བཀུག་འདྲ།  མ་ནེ།
༡༢  རྒོད་མ་དམར་ཁོ་མ།
   རྟེའུ་སྡུག་ནག་རིལ་མ།
   སྲབ་མདའ་གཅུས་རིང་མ།  གློ་བ།སྙིང།ཨོལ་བ།
༡༣  ཟོ་དཀར་ནང་གི་ཟས་ཞིམ།  རྐང་མར།
༡༤  ཤིང་ཨ་གར་སྒྲོན་ཤིང་སྡོང་པོ་ལ།
    ཡར་ལ་གྱེས་པའི་ཡལ་ག་ལྔ།
ཡལ་ག་ལྔ་ལ་མེ་ཏོག་ལྔ།  ལག་པ།
༡༦  ལ་མཐོན་པོའི་སོ་བ་ཉིས་བསྒྲིགས།  རྣ་བ།
༡༧  རྩིག་མཁས་པས་པོ་ཏི་བརྩེགས་འདྲ།  ཡ་མཆུ།
༡༨  མདུད་མཁས་པས་རྒྱ་མདུད་བརྒྱབ་འདྲ།  ཨོལ་མདུད།
 

 

  • ལེ་ཚན་སྔོན་མ།:ཁམས་པའི་ཡུལ་གྱི་དམངས་ཁྲོད་ཀྱི་ཁེད། ༡
  • ལེ་ཚན་རྗེས་མ།:ཁམས་པའི་གཏམ་དཔེ།