ཁམས་པའི་ཡུལ་གྱི་དམངས་ཁྲོད་ཀྱི་ཁེད། ༡

        2012-11-29

 ཁམས་པའི་ཡུལ་གྱི་དམངས་ཁྲོད་ཀྱི་ཁེད། ༡



  ༡  ཡུང་མ་ཐང་ཆེན་ཐང་ལ་བརྡལ།
      མཚན་མོར་མཐོང་ཞིང་ཉིན་མོར་ཡལ།(སྐར)
    ༢  སྲབ་མེད་མཐུར་མེད་རྟ་སེར་གསེར་སྒ་ཅན།
      འཚོ་རྫི་མ་ཐུབ་ནུབ་ཀྱི་རི་ལ་སོང་།
      བཙལ་པས་མ་རྙེད་ཕྱི་ཉིན་ཞོགས་པར་སླེབས།(ཉི་མ།
    ༣  དང་པོ་མཛོ་ཕོའི་རྭ་འདྲ།
     བར་དུ་དཀྱིལ་འཁོར་ཐིག་འདྲ།
      མཐར་མར་རྐུན་མས་བརྐུས་འདྲ།(ཟླ་བ།
    ༤  གཟུགས་མེད་བུ་མོ་སྔོ་འབེལ་མ།
      སོང་ན་རི་ལུང་འུར་གྱིས་གང་།(རླུང་།)
    ༥  སྲིད་པའི་དྲེལ་རྒན་སྔོ་ཡུ་ལ།
      དར་ཚོན་སྣ་ལྔས་ཚེ་སྐུད་བཏགས།(འཇའ།)
    ༦  རི་ཐང་མེད་པར་བཀབ་ན་ཡང་།
      བལ་ཁ་ཆུ་ཉིལ་ལེ་གནམ་ནས་ལྷུང་།
      མ་བཞག་ཕྱིང་དཀར་ས་གཞི་བཀབ།(ཁ་བ།)
    ༧  གཙང་རྒྱས་ཆབ་ལ་ཡོད།
       དམའ་བའི་མཚོ་ལའང་ཡོད།
      ཕྱུག་པོའི་ཁྱིམ་ལ་འང་ཡོད།
      སྤྲང་པོའི་སྣོད་ལའང་ཡོད།(ཆུ།)
    ༨  ལག་མེད་མ་ཡིས་དོང་རྐོ།(ཆུ་ཐིགས།)
    ༩  སྦ་སྨྱུག་ཚིགས་གསུམ་རྩེ་མོ་ནས།
      གསེར་སེར་པོའི་བྱིའུ་ཆུང་འཕུར་མ་ལྡིང་།(སྙེ་མ།)
    ༡༠  ཆུང་བ་ང་ལས་ཆུང་བ་མེད།
      མང་བ་ང་ལས་མང་བ་མེད།
      དྲིན་ཕ་མ་ཡིན་ཡང་ང་ལ་བརྟེན།(རྩྭ་སྔོན།)
    ༡༡  མི་རྒན་གཡུ་ཡི་རལ་བ་ཅན།
      ལུས་རྒས་ཀྱང་ཙན་དན་དྲི་མ་ཅན།(ཤུག་སྡོང་།)
    ༡༢  སྡིག་སྲིན་རིལ་མ་ས་ལ་འཕངས།
     གཡུ་ལོ་རལ་བ་གནམ་ལ་འཕྱུར།(སྔོ་ཚོད།)
    ༡༣  ཕྱི་དཀར་པོ་གུར་ཆུང་ཕུབ་འདྲ།
      ནང་དམར་སྨུག་པོ་ཏི་བརྩེགས་འདྲ།(ཤ་མོ།)
    ༡༤  ཕྱེ་ཁུག་དམར་པོའི་རྩམ་པ་ལ།
      ལ་ལ་དགའ་ལ་ལ་ལ་སྐྲག (སིར་པན།)
    ༡༦  ཕྱི་དམར་དམར་བླ་མའི་ན་བཟའི་མདོག
      ནང་དཀར་དཀར་དུང་གི་རང་བཞིན་ཅན།
      རྩ་ཆུང་རུང་ཟས་ཀྱི་གཡང་ཕུད་ཡིན།(གྲོ་མ།)
    ༡༧  དུང་དཀར་པོའི་ལྟེ་བ་མཐོ་གང་ས་ལ་ཟུག
      གཡུ་སྔོན་པོའི་རལ་བ་ཁྲུ་གང་གནམ་ལ་གཟེངས།(ཡུང་མ།)
    ༡༨  ཕ་ཉམ་ཆུང་ཤིག་ལྟ་བུ།
      བུ་རྒོད་པོ་སྟག་འདྲ་འདྲ།(ལ་ཕུག)
    ༡༩  རྐང་པས་ཁ་ཟས་ཟ།
      ལུས་པོས་སེམས་ཅན་གསོ།(རྩྭ་རྩི་ཤིང་།)
  • ལེ་ཚན་སྔོན་མ།:མཛོ་མོ་དང་བེའུའི་བརྩེ་དུང་།
  • ལེ་ཚན་རྗེས་མ།:ཁམས་པའི་དམངས་ཁྲོད་ཀྱི་ཁེད།༢