གཏམ་གྱི་སྙིང་པོ་གསེར་ཞུན་ཐིགས་པ།

གངས་དབང་གིས།        2012-05-09

 

གཏམ་གྱི་སྙིང་པོ་གསེར་ཞུན་ཐིགས་པ།

༡ཚེར་མ་དར་གཏུམ།  ༢ མོན་ཡུལ་རྡོར་གཅོད།
༣རྭ་ཅོ་སྒྱེ་བླུགས།  ༤ ལན་དགུ་ཆད་མཐུད།
༥ཤིག་སེན་ར་སྤྲོད། ༦ ལྷ་ཁོག་འདྲེ་ཞུགས།
༧སྐྱིད་དུས་མགོ་འཕང་མ་མཐོ།སྡུག་དུས་སེམས་འཕང་མ་མཐོ།
༨བཀའ་རྡོ་རྗེ་གཅོད་པ།གསུང་སྤུ་གྲི་ངར་མ།
༩ཁ་ལ་ཕུད་ན་སྨན།ཁོག་ལ་བཅུག་ན་དུག
༡༠སྒྲོན་མེ་འོད་སྣང་གསལ་ཡང་།རང་གི་ཞབས་ར་མི་གསལ།
༡༡ངང་པ་མཚོ་ལ་བབས་པར།ཉ་མོ་སྐྲག་དོན་མེད།
༡༢ཆུ་འཐུང་ཡུན་རིང་ན།ཆུ་དྲི་ཁ།
༡༣ཉ་ཁྲིམས་བླ་མས་བསྡམས།ཉ་ཁྲལ་བླ་མས་བསྡུས།
༡༤ཉིན་དཀར་ལྷ་མོ་ལ་ལྷ་ལས་རོགས།མཚན་མོར་འདྲེ་མོར་ཐག་འཐག་རོགས།
༡༥སྟག་མོ་ལྟོགས་ཀྱང་།རང་ཤ་མི་ཟ།
༡༦སྟག་ཐིག་ལེ་ཅན་དེ་ནགས་ལ་སོང་།ཁྱི་རྔ་མ་ཅན་དེ་ཤུལ་ན་ལུས།
༡༧དར་ལྕོག་འདུག་དགོས་བསམ་ཡང་།རླུང་བུས་སྡོད་དུ་མ་བཅུག
༡༨རྡོ་རྗེ་གོ་ཁར་ལྷུང་ན།བུ་ཆུང་གི་རྩེད་ཆས།
༡༩སྣམ་བུ་འདོམ་པ་གང་གིས།ཞྭ་གོས་ལྷམ་གསུམ།
༢༠སྤྱང་ཕྲུག་གསོས་ན།སྒོ་ཁྱི་མི་ཉན།
༢༡ཕ་རྒོད་པོ་ཤ་གཟན་ལ།བུ་ཁྭ་ཏ་སྐྱག་གཟན།
༢༢ཕྱི་བཤིག་གི་སྟ་རེ་ལས།ནང་བཤིག་གི་སྟེའུ་ཐུ།
༢༣བྱུ་རུ་དམར་པོའི་ཁོག་པ།སྟོང་སྐུད་ནག་པོས་བརྒྱངས།
༢༤བླུན་པོས་བསྟོད་པ་ལས།མཁས་པས་སྨད་ན་སྙན།
༢༥བཙག་དང་བསྡེབས་ན་དམར།རམ་དང་བསྡེབས་ན་སྔོ།
༢༦རྩ་བ་མ་རུལ་ན།ལོ་མ་མི་སྐམ།
༢༧ཚོང་པ་ལ་ངོ་ཚ་མེད་ན།བོང་བུ་བཙོས་ནས་བཟོས།
༢༨ཡུལ་ལ་བདེ་སྐྱིད་བྱུང་ན།རྒྱལ་པོ་ཨ་ནེས་བྱེད་ཀྱང་བྱེད།
༢༩ཡོད་ལ་མེད་པའི་རྟ་ཕོ་ལས།བློ་ཐག་ཆོད་པའི་རྐང་ཐང་མགྱོགས།
༣༠ར་མ་བྲག་ཐོག་འཛེགས་ན།སེང་གེའི་སྣང་བ་ཤར།
  • ལེ་ཚན་སྔོན་མ།:ཐང་སྟོང་རྒྱལ་པོ་དང་ཉེ་གནས་ཀྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:གླེན་པའི་བློ་གྲོས།