བྱ་སྤྲེལ་གཏམ་རྒྱུད།

        2013-01-16

  བྱ་སྤྲེལ་གཏམ་རྒྱུད།

གཏམ་རྒྱུད་འདིའི་བརྗོད་བྱ་གནད་བསྡུས་ནི། སྔོན་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་བྱ་བ་རྩ་བ་ནགས་དང་། སྐེད་པ་སྤང་། རྩེ་མོ་གངས་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོ་གངས་སེང་གི་ཁྱུས་བདག་བྱས། སྤང་ནི་བྱ་ཚོགས་ཀྱིས་བདག་གིར་བྱས། འདབས་ཀྱི་ནགས་ནི་གཅན་གཟན་དང་སྤྲེའུ་ཡིས་བདག་གིར་བྱས། དེ་རྣམས་ཕན་ཚུན་ལ་འཚེ་བ་མེད་ཅིང་གནས་བདག་སྒེར་དུ་བཟུང་བའི་ཚུལ་གྱིས་གནས་སོ། རེ་ཞིག་གི་དུས་ན་སྤྲེའུ་འགའ་སྤང་རི་ལ་ཕྱིན་ནས་མེ་ཏོག་དང་སེར་ཤ་སྤང་རྒྱན་སོགས་ཤ་མོ་རྩེ་ཏོག་ཟོས་པ་བྱ་བྱེའུ་རྣམས་ཀྱི་བློར་མ་བབས་ནས་ལྷ་བྱ་གོང་མོ་མངགས་ཏེ་སྤྲེའུ་རྣམས་སྤང་དུ་ཡོང་མི་རིགས་པའི་བརྡ་བཏང་བ་ན། སྤྲེའུ་ཚོགས་ཀྱི་ཀྱང་དོན་དེ་ཁས་མ་བླངས་སྟབས་བྱ་སྤྲེལ་བར་དུ་རྩོད་གཞི་ཆེན་པོ་ཞིག་བྱུང་སྟེ་མཐར་གཡུལ་གཤོམ་རྒྱུའི་སྦྱོར་བ་རྩོམ་ཉེ་བ་ན། རི་བོང་བློ་ལྡན་དང་ཁྱིམ་བྱ་དེ་ཕོ་གཉིས་ཀྱིས་སྤང་རིའི་སུམ་ཆའི་གཅིག་སྤྲིལ་ལ་བྱི་ཏེ་བར་འདུམ་མཛད་པ་ལ་བརྟེན་ནས་བྱ་སྤྲེལ་རྣམས་སླར་ཡང་འཁོན་མེད་བདེ་སྐྱིད་ཀྱི་སྐལ་བ་ཉམས་སུ་མྱོང་བར་གྱུར་ཚུལ་བསྟན་ནས་མཇུག་བསྡུས་ཡོད་དོ། གཏམ་རྒྱུད་འདིའི་ནང་དུ། རྩོམ་པ་པོས་བསྡུས་བརྗོད་ཀྱི་རྩོམ་སྟངས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་གོར་ཥའི་བཙན་འཛུལ་སྟོད་ཆའི་སྔ་རྗེས་ཀྱི་གནས་ཚུལ་རྣམས་ཇི་བཞིན་མཚོན་པར་བྱས་ཡོད། དེ་ཡང་ལོ་རྒྱུས་དངོས་ནི། ཐོག་མར་གོར་ཥས་གཉའ་སྐྱིད་རོང་གསུམ་དང་རྫོང་དགའ་སོགས་ལ་བཙན་འཛུལ་བྱས་ཏེ་རྩ་ཆེའི་རྒྱུ་དངོས་མང་པོ་འཕྲོག་བཅོམ་བྱས་པར་བརྟེན། བར་དུ་དོན་འདི་ལ་བོད་མི་རྣམས་འདུག་མ་བཟོད་པར་བོད་དམག་དང་གནམ་བསྐོས་གོང་མ་ཆེན་པོའི་དམག་རྣམས་རྫོང་དགའ་སོགས་ལ་འབྱོར་ཀྱང་སྐབས་དེར་རེ་ཞིག་གོར་དཔུང་ལ་མཚོན་རྩེ་མ་གཏད་པར་ས་མཚམས་ཀྱི་དོན་དག་ཞི་ཆིངས་ཡོང་ཕྱིར་ཕན་ཚུན་ཕོ་ཉ་གཏོང་བ་སོགས་ཀྱག་ཀྱོག་མང་པོ་བརྒྱུད་དེ། མཐར་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡབ་དཔལ་ལྡན་དོན་གྲུབ་དང་ས་སྐྱ་བདག་ཆེན་གྱི་མགྲོན་གཉེར་གཉིས་ཀྱིས་གོར་ཥར་ཆིངས་མོལ་གྱི་འབྲེལ་བ་བཙུགས་པ་ལྟར༡༧༨༩ལོར་བོད་ཀྱི་སྐུ་ཚབ་རྡོ་རིང་བསྟན་འཛིན་དཔལ་འབྱོར་སོགས་དང་གོར་ཥའི་སྐུ་ཚབ་སྦམ་ས་ཧེབ་ལ་སོགས་སྐྱིད་གྲོང་དུ་འབྱོར་ཏེ་གྲོས་མོལ་བྱས་མཐར་བོད་མིས་གོར་ཥར་རྫོང་སྒོ་བླུ་རིན་རྒྱ་དངུལ་རྡོ་ཚད་སུམ་བརྒྱ་སྤྲོད་རྒྱུ་བྱས་ཏེ་ཆིངས་དོན་ཐག་གཅོད་བྱས་སོ། ལོ་རྒྱུས་དོན་དངོས་འདི་དང་བྱ་སྤྲེལ་གཏམ་རྒྱུད་དེ་གཉིས་ཀྱི་ཐོག་མའི་རྒྱུ་རྐྱེན་དང་། བར་གྱི་འཕེལ་རིམ། མཐའི་འབྲས་བུ་སོགས་ནི་ཉ་གས་བཏེགས་པ་ལྟར་ལྕི་ཡང་མེད་ཅིང་འཇལ་བྱེད་བྲེ་ལ་འཇལ་བ་ལྟར་མང་ཉུང་ཡང་མེད་སྟབས། དེ་ནི་སྐབས་དེའི་ལོ་རྒྱུས་དངོས་ལ་གཞི་བྱས་ཏེ་བྲིས་པར་སྙམ་མོ། སྒྲུང་ཐུང་འདི་ལེའུ་དྲུག་ཏུ་ཕྱེས་ཡོད། བརྗོད་བྱ་དང་རྗོད་བྱེད་གོ་སླ་ཞིང་བསྡེབས་ལེགས་པ་མ་ཟད། འཆད་པ་པོས་བཤད་ཆོག་ཅིང་དབྱངས་སུ་དྲངས་ཏེ་བླངས་ནའང་ཆོག་པས་སྒྲུང་འདི་མང་ཚོགས་ཁྲོད་དུའང་དར་ཁྱབ་ཆེན་པོ་བྱུང་ཡོད།
གཉིས་བ། རྩོམ་པ་པོ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ངོ་སྤྲོད་མདོར་བསྡུས།

     བྱ་སྤྲེལ་གཏམ་རྒྱུད།

 རྡོ་རིང་བསྟན་འཛིན་དཔལ་འབྱོར་ནི་བོད་ཀྱི་རྩོམ་རིག་མཁས་དབང་ཞིག་དང་གོར་བོད་དམག་འཁྲུག་སྐབས་བོད་ཀྱི་སྐུ་ཚབ་ཡང་ཡིན། ཁོང་ནི་བོད་རང་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ལོར་(༡༧༦༠)ལོར་ཡབ་རྡོ་རིང་པཎྟིའམ་ཡང་ན་མགོན་པོ་དངོས་གྲུབ་རབ་བརྟན་ཏུ་འབོད་པ་དང་ཡུམ་རིན་ཆེན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཡབ་ཀྱིས་དྲུང་དུ་རྒྱུན་སྲོལ་གྱི་སློབ་གསོ་དང་སྦྱོང་བརྡར་དང་མཛད་དེ་དགུང་ལོ་ལྔ་ནས་བཟུང་འབྲི་ཀློག་ལ་སྦྱངས་པ་དང་། དགུང་ལོ་བརྒྱད་ནས་བཟུང་གྲྭ་ས་ཁག་ཏུ་ཕྱིན་ཏེ་བརྡ་སྤྲོད་དང་སྙན་གཞུང་།ཚད་མ་རིག་པ་སོགས་ལ་སློབ་གཉེར་བྱས་ཤིང་། ལྕགས་གླང་(༡༧༨༡)ལོར་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱི་སྒྲིག་ཁོངས་སུ་ཐོག་མར་ཞུགས་པ་དང་ཆབས་ཅིག་བཀའ་དྲུང་དུ་བསྐོ་བཞག་བྱས། ཆུ་ཡོས་(༡༧༨༣)ལོར་གོང་མ་ཆན་ ལུང་གིས་བཀའ་བློན་དང་ཛ་སག་གི་གོ་གནས་ཆོ་ལོ་སྤྲད་དེ་ཕ་ཤུལ་བུ་འཛིན་བྱེད་དུ་བཅུག་ཅིང་།དེ་ནས་ལོ་ངོག་བཅུ་གཉིས་ལྷག་གི་རིང་ལ་བཀའ་བློན་གྱིས་འགན་གཞེས།
གསུམ་པ།ཁོང་གི་བརྩམས་ཆོས།
       ཁོང་གི་གསུམ་རྩོམ་ལ་《རྒྱལ་བུ་མུ་ཁྱུད་གྲགས་པའི་བསྟན་བཅོས》དང་། 《སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ》《བློ་གསལ་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ》《བྱ་སྤྲེལ་གཏམ་རྒྱུད》《དགའ་བཞི་པའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》བྱ་བ་བཅས་བཞུགས། རྡོ་རིང་བསྟན་འཛིན་དཔལ་འབྱོར་དང་རོལ་ཆ་ཡང་ཆིན་ཞེས་པའི་ཤོད་ཚུལ། བོད་ལྗོངས་ས་ཁུལ་དུ་རོལ་ཆ་ཡང་ཆིན་དར་བའི་སྐོར་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཞེས་བྱ་བའི་རྣམ་ཐར་ནང་གསལ་དོན། སྔར་བོད་འདིར་མིང་གྲགས་ཆེ་བའི་རྡོ་རིང་བཀའ་བློན་ཕ་བུ་གཉིས་བྱུང་བའི་ནང་བཀའ་བློན་བསྟན་འཛིན་དཔལ་འབྱོར་ནི(༡༧༦༠—?)ཆུང་དུས་ནས་གངས་ཅན་རིག་པའི་གནས་ལ་བརྩོན་པ་ཆེས་ཆེར་གནང་ཏེ་ཆེད་མངགས་དགེ་རྒན་བསྟེན་ནས་སྒྲ་སྙན་དང་གླིང་བུ་སོགས་རོལ་མོ་དང་།གར་གླུ་སོགས་ལ་སློབ་སྦྱོང་དང་བརྩོན་ཞིབ་དཔྱིས་ཕྱིན་པ་གནང་ལུགས་གསལ་པོར་འདུག ཁོང་བཀའ་བློན་ལས་ཐོག་ཏུ་ཡིད་བསུབས་བདག་པོས་རྒྱུད་བརླམས་པའི་གོར་ཥ་དབང་སྒྱུར་པས་ལྷ་ལུང་དུ་འདྲེ་ལག་བརྐྱངས་ཤིང་ས་སྤྲེལ་ལོ(༡༧༨༨)དང་ལྕགས་ཁྱི་ལོ (༡༧༩༠)ནང་བསྟུད་མར་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་བྱེད་སྐབས་བཀའ་བློན་བསྟན་འཛིན་དཔལ་འབྱོར་མཐའ་མཚམས་དོན་གཅོད་དུ་ཕེབས་པའི་གོང་མའི་དཔོན་དམག་གི་སྣེ་ཤན་དང་། གོར་བོད་འཆིང་སྒྲིག་བྱེད་པའི་རང་ཕྱོགས་གཙོ་བོའི་སྐུ་ཚབ་ལ་བཀས་མངགས་འདུག འོན་ཀྱང་ཕྱིས་རང་འགན་གྲུབ་མིན་དང་དེ་བཞིན་མན་ཇུ་གོང་མའི་མཐའ་མཚམས་དོན་བཅོད་དུ་ཆེད་འབྱོར་བློན་པོ་སྤ་དཀྲུང་གིས་ནང་ཁུལ་དུ་གཡོ་དང་བཙན་གནོན་གྱི་བྱ་བ་རབ་རིམ་སྤེལ་ཐོག་ད་དུང་གོང་མར་མཐའ་མཚམས་གསང་གནད་སྙན་ཞུའི་ནང་དངོས་མིན་གཡོ་ཞུས་སྣ་ཚོགས་བྱས་རྐྱེན་གྱིས། ཆུ་་བྱི(༡༧༩༢)ལོར་ཆན་ལུང་གོང་མས་བཀའ་བློན་བསྟན་འཛིན་དཔལ་འབྱོར་སོགས་གོར་བོད་དམག་འཁྲུག་དང་འབྲེལ་ཡོད་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་གཙོ་གྲས་པད་ཅིང་ལ་བཀས་བཀུགས་ནས་ངོ་གཏུག་ཞིབ་དཔྱོད་ནན་པོ་གནང་མཐར། བཀའ་བློན་བསྟན་འཛིན་དཔལ་འབྱོར་གཙོས་བོད་ཀྱི་དཔོན་རིགས་ཚོས་གོང་བོད་དམག་འཁྲུག་དང་། བལ་ཡུལ་དུ་གོར་ཥའི་བཙོན་རར་སྡོད་རིང་དགྲ་བོར་མགོ་བཏགས་བློ་ལོག་པའི་ཉེས་པ་མེད་ཅིང་གོར་བོད་དམག་འཁྲུག་གི་ཉེས་དོན་འགའ་རིགས་རྣམས་བློན་པོ་སྤ་དཀྲུང་རང་ལ་རག་ལས་ཚུལ་གྱི་དོན་མཐའ་གསལ་དཀར་འདོན་གནང་འདུག་ནའང་དམག་འཁྲུག་དེས་རྒྱ་བོདབལ་གསུམ་ལ་བརྡབ་བསིགས་བྱུང་བས་ཁོ་པའི་བཀའ་བློན་གོ་གནས་ཕབ་ཙམ་གྱིས་ཉེས་པ་འཐུས་པ་བྱེད་རྒྱུའི་བཀའ་སྒྱུར་བྱུང་རྗེས།བསྟན་འཛིན་དཔལ་འབྱོར་བློ་གུ་ཡངས་པོས་ནམ་མཁའི་སྐར་ཚོགས་ནོར་འཛིན་གྱི་རྒྱན་དུ་བབས་པ་ལྟ་བུའི་པད་ཅིང་གྲོང་ནང་དུ་ཟླ་ཤས་བཞུགས་རིང་། གྲོང་ཁྱེར་དེའི་གནས་ཁྱད་པར་ཅན་ཁག་ལ་མཆོད་འབུལ་ཕྱག་བསྐོར་དང་། ཞོར་དུ་རོལ་ཆ་ཡང་ཆིན་གྱི་གཏོང་ལུགས་ཆ་ཚང་བར་སློབ་པ་དང་།ད་དུང་ཞེང་ཞེས་པའི་རོལ་ཆ་སློབ་འགོ་ཚུགས་སྐབས།ཁོང་འབྲུམ་ནད་ཀྱིས་བཟུང་ནས་ཞེང་སློབ་འཕྲོ་ལུས།ཆུ་གླང(༡༧༩༣)ལོར་རྡོ་རིང་བསྟན་འཛིན་དཔལ་འབྱོར་བོད་ལ་ཕྱིར་ལོག་རྗེས་ཡང་ཆིན་རོལ་ཆ་བོད་ལ་དར་འགོ་ཚུགས་ལུགས་སོགས་ཁོང་གི་རྣམ་ཐར་ནང་དེ་ལྟར་འཁོད་འདུག་པས་དེང་དུས་བོད་དུ་མངའ་རིས་སྒྲ་སྙན་དང་།རྒྱའི་ཡང་ཆིན་འཕྲེད་གླིང་བཅས་བཅོམ་ནས་གཏོང་སྲོལ་ཐོག་མའི་ལག་འཁྲིད་ཀྱི་རྒྱུན་འཛུགས་བྱེད་པོ་ཁོ་བོ་ལགས་ཤིང་ཞེས་གསལ། རྡོ་རིང་བསྟན་འཛིན་དཔལ་འབྱོར་ནི་བོད་ལ་རོལ་ཆ་ཡང་ཆིན་དར་ཁྱབ་གཏོང་བའི་བྱེད་པོ་ཡིན་པ་མ་ཟད།ད་དུང་ནང་མ་ཁག་གཅིག་གསར་རྩོམ་གནང་བ་དང་།ནང་མ་དེ་ཚོའི་ནང་ཅིང་ཤིའི་རོལ་གདངས་ཡང་བར་བཅུག་དང་།ནང་མ་འཁྲུག་གཞས་ཀྱི་འཁྲབ་འཁྱེར་བྱེད་ཚུལ་དག་ལ་སྔར་གྱི་རྨང་གཞིའི་ཐོག་འཕེལ་རྒྱས་ལེགས་བཅོས་གནང་ཡོད་ཞེས་པར་རྒྱུ་མཚན་ངེས་ཅན་འདུག་སྙམ།།

བྱ་སྤྲེལ་གཏམ་རྒྱུད།
ཟུར་དུ།          《བྱ་སྤྲེལ་གཏམ་རྒྱུད་》ཅེས་པའི་རྩོམ་པ་པོའི་སྐོར་ལ་བཞེད་པ་མི་མཐུན་པ་མང་ཡང་འདིར་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཡིན་པའི་དབང་དུ་བཏང་ནས་ངོ་སྤྲོད་ཞུ་བར་བྱའོ།།       དགའ་བཞིན་བསྟན་འཛིན་དཔལ་འབྱོར་ནི་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་(སྤྱི་ལོ་1760)ལོར་ལྷ་སར་འཁྲུངས། འདས་ལོ་མི་གསལ། དགུང་ལོ་ལྔ་པ་ནས་ཆོས་དང་རིག་གནས་སྦྱོང་མགོ་བརྩམས་ཏེ་མཐར་མཁས་པའི་ཕུལ་དུ་གྱུར། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས(སྤྱི་ལོ་1783)ལོར་གོང་མ་ཆན་ལུང་གིས་བཀའ་ཤག་སྲིད་གཞུང་གི་བཀའ་བློན་དུ་བསྐོས། དེ་ལྟར་ཁོང་གི་སྐུ་ཚེ་ཧྲིལ་པོ་བོད་སྲིད་ཀྱི་བྱ་བའི་ཁྲོད་ནས་འདས་པ་ཞིག་གོ། ཁོང་གི་གསུམ་རྩོམ་ནི་《རྒྱལ་བུ་མུ་ཁྱུད་གྲགས་པའི་བསྟན་བཅོས》དང་། 《སྙན་ངག་གི་བསྟན་བཅོས་ལེགས་པར་བཤད་པ་སྡེ་བཞི་སྒོ་འཕར་རབ་ཏུ་འབྱེད་པའི་གཏམ།》《བློ་གསལ་ཡིད་དབང་འདྲེན་བྱེད་རྣམ་དཔྱོད་གསེར་གྱི་ཤིང་རྟ།》《དགའ་བཞི་པའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》བྱ་བ་བཅས་བཞུགས།        གཏམ་རྒྱུད་འདིའི་བརྗོད་བྱ་གནད་བསྡུས་ནི། སྔོན་བཀྲ་ཤིས་མཛེས་དགའི་ཡུལ་གྱི་རི་ཀུན་བཟང་བྱ་བ་རྩ་བ་ནགས་དང་། སྐེད་པ་སྤང་། རྩེ་མོ་གངས་ཡིན་པ་ཞིག་ཡོད་པར། དེའི་རྩེ་མོ་གངས་སེང་གི་ཁྱུས་བདག་བྱས། སྤང་ནི་བྱ་ཚོགས་ཀྱིས་བདག་གིར་བྱས། འདབས་ཀྱི་ནགས་ནི་གཅན་གཟན་དང་སྤྲེའུ་ཡིས་བདག་གིར་བྱས། དེ་རྣམས་ཕན་ཚུན་ལ་འཚེ་བ་མེད་ཅིང་གནས་བདག་སྒེར་དུ་བཟུང་བའི་ཚུལ་གྱིས་གནས་སོ། རེ་ཞིག་གི་དུས་ན་སྤྲེའུ་འགའ་སྤང་རི་ལ་ཕྱིན་ནས་མེ་ཏོག་དང་སེར་ཤ་སྤང་རྒྱན་སོགས་ཤ་མོ་རྩེ་ཏོག་ཟོས་པ་བྱ་བྱེའུ་རྣམས་ཀྱི་བློར་མ་བབས་ནས་ལྷ་བྱ་གོང་མོ་མངགས་ཏེ་སྤྲེའུ་རྣམས་སྤང་དུ་ཡོང་མི་རིགས་པའི་བརྡ་བཏང་བ་ན། སྤྲེའུ་ཚོགས་ཀྱི་ཀྱང་དོན་དེ་ཁས་མ་བླངས་སྟབས་བྱ་སྤྲེལ་བར་དུ་རྩོད་གཞི་ཆེན་པོ་ཞིག་བྱུང་སྟེ་མཐར་གཡུལ་གཤོམ་རྒྱུའི་སྦྱོར་བ་རྩོམ་ཉེ་བ་ན།

རི་བོང་བློ་ལྡན་དང་ཁྱིམ་བྱ་དེ་ཕོ་གཉིས་ཀྱིས་སྤང་རིའི་སུམ་ཆའི་གཅིག་སྤྲིལ་ལ་བྱི་ཏེ་བར་འདུམ་མཛད་པ་ལ་བརྟེན་ནས་བྱ་སྤྲེལ་རྣམས་སླར་ཡང་འཁོན་མེད་བདེ་སྐྱིད་ཀྱི་སྐལ་བ་ཉམས་སུ་མྱོང་བར་གྱུར་ཚུལ་བསྟན་ནས་མཇུག་བསྡུས་ཡོད་དོ།         གཏམ་རྒྱུད་འདིའི་ནང་དུ། རྩོམ་པ་པོས་བསྡུས་བརྗོད་ཀྱི་རྩོམ་སྟངས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་མྱོང་བའི་གོར་ཥའི་བཙན་འཛུལ་སྟོད་ཆའི་སྔ་རྗེས་ཀྱི་གནས་ཚུལ་རྣམས་ཇི་བཞིན་མཚོན་པར་བྱས་ཡོད།དེ་ཡང་ལོ་རྒྱུས་དངོས་ནི། ཐོག་མར་གོར་ཥས་གཉའ་སྐྱིད་རོང་གསུམ་དང་རྫོང་དགའ་སོགས་ལ་བཙན་འཛུལ་བྱས་ཏེ་རྩ་ཆེའི་རྒྱུ་དངོས་མང་པོ་འཕྲོག་བཅོམ་བྱས་པར་བརྟེན། བར་དུ་དོན་འདི་ལ་བོད་མི་རྣམས་འདུག་མ་བཟོད་པར་བོད་དམག་དང་གནམ་བསྐོས་གོང་མ་ཆེན་པོའི་དམག་རྣམས་རྫོང་དགའ་སོགས་ལ་འབྱོར་ཀྱང་སྐབས་དེར་རེ་ཞིག་གོར་དཔུང་ལ་མཚོན་རྩེ་མ་གཏད་པར་ས་མཚམས་ཀྱི་དོན་དག་ཞི་ཆིངས་ཡོང་ཕྱིར་ཕན་ཚུན་ཕོ་ཉ་གཏོང་བ་སོགས་ཀྱག་ཀྱོག་མང་པོ་བརྒྱུད་དེ། མཐར་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡབ་དཔལ་ལྡན་དོན་གྲུབ་དང་ས་སྐྱ་བདག་ཆེན་གྱི་མགྲོན་གཉེར་གཉིས་ཀྱིས་གོར་ཥར་ཆིངས་མོལ་གྱི་འབྲེལ་བ་བཙུགས་པ་ལྟར1789ལོར་བོད་ཀྱི་སྐུ་ཚབ་རྡོ་རིང་བསྟན་འཛིན་དཔལ་འབྱོར་སོགས་དང་གོར་ཥའི་སྐུ་ཚབ་སྦམ་ས་ཧེབ་ལ་སོགས་སྐྱིད་གྲོང་དུ་འབྱོར་ཏེ་གྲོས་མོལ་བྱས་མཐར་བོད་མིས་གོར་ཥར་རྫོང་སྒོ་བླུ་རིན་རྒྱ་དངུལ་རྡོ་ཚད་སུམ་བརྒྱ་སྤྲོད་རྒྱུ་བྱས་ཏེ་ཆིངས་དོན་ཐག་གཅོད་བྱས་སོ།        ལོ་རྒྱུས་དོན་དངོས་འདི་དང་བྱ་སྤྲེལ་གཏམ་རྒྱུད་དེ་གཉིས་ཀྱི་ཐོག་མའི་རྒྱུ་རྐྱེན་དང་། བར་གྱི་འཕེལ་རིམ། མཐའི་འབྲས་བུ་སོགས་ནི་ཉ་གས་བཏེགས་པ་ལྟར་ལྕི་ཡང་མེད་ཅིང་འཇལ་བྱེད་བྲེ་ལ་འཇལ་བ་ལྟར་མང་ཉུང་ཡང་མེད་སྟབས། དེ་ནི་སྐབས་དེའི་ལོ་རྒྱུས་དངོས་ལ་གཞི་བྱས་ཏེ་བྲིས་པར་སྙམ་མོ།        སྒྲུང་ཐུང་འདི་ལེའུ་དྲུག་ཏུ་ཕྱེས་ཡོད། བརྗོད་བྱ་དང་རྗོད་བྱེད་གོ་སླ་ཞིང་བསྡེབས་ལེགས་པ་མ་ཟད། འཆད་པ་པོས་བཤད་ཆོག་ཅིང་དབྱངས་སུ་དྲངས་ཏེ་བླངས་ནའང་ཆོག་པས་སྒྲུང་འདི་མང་ཚོགས་ཁྲོད་དུའང་དར་ཁྱབ་ཆེན་པོ་བྱུང་ཡོད།

བྱ་སྤྲེལ་གཏམ་རྒྱུད།

  • ལེ་ཚན་སྔོན་མ།:རྟོགས་སད་ཀྱི་རྒྱང་འབོད་རིང་མོ་ཞིག
  • ལེ་ཚན་རྗེས་མ།:དུས་རབས་གསར་པའི་ནང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནུས་པ་དང་འཕེལ་ཕྱོགས།
  • དོ་སྣང་ཆེ་བའི་རྩོམ།