གསར་འགྱུར་རྩོམ་འབྲིའི་རྩ་གནད་དམ་གྲུབ་ཆ་དྲུག

    ཚངས་དབྱངས་དྲ་ཚིགས།    2012-09-10

གསར་འགྱུར་རྩོམ་འབྲིའི་རྩ་གནད་དམ་གྲུབ་ཆ་དྲུག

                          གསར་འགྱུར་གྱི་རྩ་གནད་དམ་གྲུབ་ཆ་དྲུག་ནི། ༼ མཁས་འཇུག ༽ལས།
                         གཞུང་ལུཊ་གང་དང་གང་འཆད་པ། །བྱེད་པའི་ཚིག་གིས་རབ་སྦྱར་ཏེ།།
                         ཚིག་དོན་ལེགས་པར་སྦྲེལ་ནས་ནི།། འཆད་པ་བརྡ་སྤྲོད་བྱེད་པའི་ལུགས།།
                         ལས་དང་བྱེད་པོ་བྱ་བ་ཡི།། ཚིག་དོན་སྦྲེལ་ལ་ངག་དོན་བླངས།།

         ཞེས་གསུང་པ་ལྟར། ༡ཡུལ་ལམ་གནས་གང་ལ།༼ས་གནས།༽ ༢གང་ཟག་སུ་ཞིག་གིས།༼མི་སྣ།༽ ༣དུས་ནམ་ཞིག་ལ།༼དུས་ཚོད།༽ ༤དོན་གང་ཞིག་དགོས་པ་ཅིའི་ཕྱིར་དུ།༼འབྱུང་རྐྱེན།༽ ༥ཚུལ་ཇི་ལྟར་བུའི་སྒོ་ནས་བྱས་པས། ༼བརྒྱུད་རིམ།༽ ༦མཐར་འབྲས་བུ་ཅི་འདྲ་བྱུང་།༼མཇུག་འབྲས།༽ ཞེས་སེམས་ཁོང་ནས་དྲི་བ་བཀོད་ནས་ཚིག་དོན་གོང་འོག་སྦྲེལ་ཏེ་ངེས་པ་འདྲེན་པའི་༼བྱ་བྱེད་ལས་གསུམ་གྱི་འཕྲུལ་ཐབས་འདི་བེད་སྤྱད་ན། དཔེ་དེབ་བལྟ་ཀློག་གིས་ངག་དོན་གོ་བ་ལེན་པ་དང་། གསར་འགྱུར་རྩོམ་འབྲི་སོགས་གང་གི་སྐབས་སུའང་སྔ་ཕྱི་མི་འཁྲུག་མི་ཟློས་པ་སྐབས་དོན་ལག་ཏུ་ལེན་སླ་ཞིང་འཇུག་པ་བདེ་བར་སྙམ་མོ།།
བསྡུས་ན། གང་དུ་སུ་ཡིས་གང་ཚེ་དོན་གང་ཞིག། གང་ཕྱིར་ཇི་ལྟར་གང་འདྲ་བྱུང་ཞེས་སོ།།

  • ལེ་ཚན་སྔོན་མ།:སྒྱུ་རྩལ་གྱི་དགྲ་བོ།
  • ལེ་ཚན་རྗེས་མ།:འགྲོ་ཞོར་དུ་བཤད་པའི་གཏམ།
  • དོ་སྣང་ཆེ་བའི་རྩོམ།