རྗེ་ཙོང་ཁ་པ་ཆེན་པོ་ཟངས་རི་ཆོས་ལུང་དུ་ཕེབས་པའི་བཤད་སྲོལ།

(བདེ་ཆེན་དབང་མོས་བསྡུས།)        2010-12-01

རྗེ་ཙོང་ཁ་པ་ཆེན་པོ་ཟངས་རི་ཆོས་ལུང་དུ་ཕེབས་པའི་བཤད་སྲོལ།
དེ་ཡང་རྗེ་ཙོང་ཁ་པ་ཆེན་པོ་དང་དགུང་ལོ་བཅུ་དྲུག་ཙམ་ལ་ཕེབས་སྐབས་བཅོམ་ལྡན་འདས་དང་རྗེ་བཙུན་འཇམ་དབྱངས་ཀྱི་ལུང་བསྟན་ལྟར་རྗེ་ཉིད་ཀྱི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བཀས་མངགས་ཏེ་དབུས་གཙང་ཕྱོགས་སུ་བྱོན་ནས་དགུང་གྲངས་བཅུ་དགུ་ཙམ་གྱི་རིང་དབུས་གཙང་གི་ཆོས་སྒོ་གང་སར་རྒྱབ་ཏུ་རྒྱུག་ཁུག་དང་ཕག་ཏུ་ཕག་འཁར་བསྣམས་ཏེ་སློབ་གཉེར་རྒྱ་ཆེར་མཛད་མྱོང་བ་རེད།ཉིན་ཞིག་རྗེ་བློ་བཟང་གྲགས་པ་ཆེན་པོ་འཕན་པོ་ལ་ཕེབས་ནས་སྦྱིན་བདག་ཞིག་གི་ཁྱིམ་དུ་གནས་ཚང་གཡར་ཏེ་བཞུགས།སྦྱིན་བདག་ཨ་མ་རྒད་མོ་དེས་ཇ་རྩམ་ལ་སོགས་བསོད་སྙོམས་ལེགས་པོ་ཕུལ་ཞིང་།རྗེ་བློ་བཟང་གྲགས་པ་དེ་ཉིད་ལ་ན་བཟའ་ཧྲུལ་པོ་ཞིག་ལས་བཞེས་རྒྱུ་མེད་པས་སྟོད་ཧྲེང་དུ་ཡོད་པ་མཐོང་བས་ཨ་མ་རྒད་མོ་དེས་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཨ་ཙི།ཁྱེད་རང་སྟོད་ཧྲེང་དུ་བཞུགས་ནས་གནམ་གཤིས་གྲང་བས་འཁྱགས་ཀྱི་མ་རེད་དམ།ངས་ཁྱེད་རང་ལ་ན་བཟའ་ཞིག་བཙེམས་ནས་ཕུལ་ཆོགཅེས་བཤད་པ་ལྟར་སྟོད་གོས་ཤིག་བཟོས་ཏེ་ཕུལ་ཞིང་བཞེས་སུ་བཅུགབློ་བཟང་གྲགས་པས་ན་བཟའ་ཕག་ཏུ་བཞེས་ནས་མཆོད་བཞིན་ན་བཟའ་ལ་གཟིགས་ཏེ་བཞད་མོ་བཞད་ནས་གླང་ཆེན་གྱི་མགོ་ཤུབས་འདྲ་བས་ངས་གྱོན་ན་ལན་པོ་འདུག  ད་བྱས་ན་ཁུལ་དེར་ལན་པོ་ཞེས་འདོགས་ཨང་ཞེས་གསུངས།དེ་ནས་འབྲི་གུང་ལ་ཕེབས་ཏེ་བླ་མ་སྐྱོབ་པ་ཡོན་ཏན་མགོན་པོའི་སྐུ་གམ་དུ་བཀའ་བརྒྱུད་ཀྱི་ཆོས་རྣམས་གསན་ཞིང་བཞུགས་པ་རེད།  ཉིན་ཞིག་གྲྭ་ཚང་གི་དགེ་འདུན་པ་རྣམས་ཚོགས་འཚོགས་སྐབས་རྗེ་བློ་བཟང་གྲགས་པ་ཉེ་འདབས་ཀྱི་རི་ཁུལ་དུ་སེའུ་འབྲུ་འཐུ་བར་ཕེབས་ནས་ཚོགས་གྲལ་གྱི་གཞུག་ལ་ལུས་སྟབས་ཧ་ཅང་སྐུ་འཚབ་ནས་བླ་མ་ཡོན་ཏན་མགོན་པོ་ལ་སྐུ་ཕྱག་ཕུལ་བས་སྟོད་འགག་ནང་དུ་བླུགས་པའི་སེའུ་འབྲུ་རྣམས་བཞུགས་གྲལ་དུ་བོར་བའི་བླ་མ་ཡོན་ཏན་མགོན་པོས་སེའུ་འབྲུ་རྣམས་བཞུགས་གྲལ་དུ་བོར་བའི་རྟགས་དེར་བརྟག་པ་མཛད་ནས་རྗེ་བློ་བཟང་གྲགས་པར་ཁྱེད་རང་ལ་བཀའ་བརྒྱུད་པའི་ཆོས་འཇུག་གི་སྐལ་བ་དེ་ཙམ་མི་འདུགཁྱེད་ལ་བསྟན་པ་སྤྱི་ལ་ཕན་པའི་སྐལ་བ་ཆེན་པོ་ཡོད་པས་ཁྱེད་རང་གནས་དེ་(འོད་པའི་དཀྱིལ་ནས་དགའ་བ)དང་དེར་སོང་ཞེས་ལུང་བསྟན་གནང་བ་རེད།  དེ་ལྟར་རྗེ་བྲོ་བཟང་གྲགས་པས་བླ་མའི་བཀའ་ལྟར་ལྷ་ས་དང་།གཞིས་རྩེ།རྩེད་ཐང་།ས་སྐྱ་ལ་སོགས་པའི་གནས་དགོན་མང་ཆེ་བར་ཕེབས་ནས་སློབ་གཉེར་དང་བཀའ་ཆོས་ཀྱང་མང་དུ་མཛད།མཐར་ཟངས་རི་རྫོང་དུ་གདན་ས་མཐིལ་ལ་སོགས་པར་ཕེབས་ཏེ་བཀའ་ཆོས་མང་པོ་གསན་པ་མ་ཟད།ཉིད་ཀྱིས་ཀྱང་བཀའ་ཆོས་མང་པོ་གཞན་ལ་གནང་།དེ་ནས་མཁར་བདག་ལ་བརྒྱབ་ནས་འོལ་དགའ་དཀར་མ་དགོན་(བཙུན་མོའི་དགོན)
 

  • ལེ་ཚན་སྔོན་མ།:དམངས་ཁྲོད་མགུར་གླུ།
  • ལེ་ཚན་རྗེས་མ།: རི་གླུ་གསར་པ།