རི་གླུ་གསར་པ།

ཉི་མ་རྡོ་རྗེས།        2011-01-10

 ས་སྐྱིད་པོ་གསེར་ཐར་ས་ཆ་རེད།།
     བྱ་ཁུ་ལོ་གཡུ་ཡི་གཤོག་པ་ཅན།།
     ཤིང་ཤུག་པའི་གསེབ་ནས་གྲགས་པའི་ཚེ།།
     རང་ཕ་ས་ཕ་ཡུལ་ཡིད་ལ་དྲན།།
    
     ས་སྐྱིད་པོ་གསེར་ཐར་ས་ཆ་རེད།།
     རྟ་མགྱོགས་པ་བང་རྩལ་བདེ་མོ་མ།།
     གསེར་རྒོད་རྒན་ཐང་ལ་བརྒྱུག་པའི་ཚེ།།
     རང་ཕ་ས་ཕ་ཡུལ་ཡིད་ལ་དྲན།།
    
     ས་སྐྱིད་པོ་གསེར་ཐར་ས་ཆ་རེད།།
     སྨན་བུ་མོ་ཚར་ཞྭ་དཀར་ལུ་ཅན།།
     ལ་མཐོན་པོར་མ་ཎི་འགུར་བའི་ཚེ།།
     རང་ཕ་ས་ཕ་ཡུལ་ཡིད་ལ་དྲན།།
  • ལེ་ཚན་སྔོན་མ།:རྗེ་ཙོང་ཁ་པ་ཆེན་པོ་ཟངས་རི་ཆོས་ལུང་དུ་ཕེབས་པའི་བཤད་སྲོལ།
  • ལེ་ཚན་རྗེས་མ།:ནོར་གཅིན་གཏོང་བ།