འོད་སྣང་གི་གནང་སྦྱིན།

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-09-05

འོད་སྣང་གི་གནང་སྦྱིན།
སྡུག་གླུ་གྱེར་བའི་ཁྲུང་ཁྲུང་དང་ནི་དབྱངས་སྙན་འཇོལ་མོ་གང་ཡིན་ཀྱང་།།
དྲོད་སྐྱིད་འོད་སྣང་ཉི་མ་གཞོན་ནུ་སྔ་མོར་བསུ་བར་རིང་ནས་བྲེལ། །
ཆབ་རོམ་ཁས་དམ་དུ་བསྡམས་པའི་ལྷགས་རླུང་རྒྱུན་དུ་ལྡང་ཡང་རུང་། །
བྱིའུ་ཅོ་ཀ་སྔ་མོར་ལངས་ནས་སྐྱ་རེངས་སླེབས་པར་དགའ་འབོད་སྒྲོག།
 
དྲོད་དང་འོད་ཀྱིས་སྦྱིན་པ་ཐམས་ཅད་མཉམ་སྒྲོག་ཚེ་ཡི་རོལ་དབྱངས་ལགས། །
 
སྲིན་འབུ་མེ་ཁྱེར་འོད་ཀྱིས་བསྐྱང་ཡང་འོད་སྣང་དཀར་པོར་སུན་སྣང་གིས། །
རང་གི་ཧམ་སེམས་རྗེས་སུ་ཞུགས་ནས་རང་སྲོག་སྒྲོན་མེ་དོན་མེད་བརླག །
༡༩༨༤ སྟོན་དུས་སུ་གོས་མཁར་གྱི་ཁུང་གསུམ་ཟམ་ཁར།

  • ལེ་ཚན་སྔོན་མ།:བསགས་གྲུབ་ཀྱི་བདེན་པ།
  • ལེ་ཚན་རྗེས་མ།: རྗེས་ཤུལ།