བསགས་གྲུབ་ཀྱི་བདེན་པ།

ཁ་བའི་ལྗོངས།    ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    2013-09-05

ཉམ་ཆུང་རྩྭ་ཉག་ལོ་མའི་སྟེང་གི་ཟིལ་བ་དེ་ལ་ཞེན་མ་ལོག །
ཐར་ཐོར་ཟེའུ་འབྲུ་རྣམས་ཀྱིས་སྐྱུག་པའི་དྲི་ཞིམ་དེར་ཡང་སྡང་ནས་ཅི། །
ཆུ་ཕྲན་བསགས་པས་ཆུ་ཀླུང་གྲུབ་ཚུལ་ཁྱོད་ཀྱིས་བརྟགས་ནས་མ་ཤེས་ན། །
རི་རིབ་གནམ་གྱི་ཀ་བ་དེ་ཡང་རྡུལ་ཕྲན་ལས་གྲུབ་ཇི་ལྟར་རྟོགས།
 བསགས་གྲུབ་ཀྱི་བདེན་པ།
སྟོང་གསུམ་སྣོད་ཀྱི་འཇིག་རྟེན་དེ་ཡང་རྡུལ་ཕྲན་བསགས་པའི་ཞིང་ཁམས་ཡིན། །
 
ཁྲག་ཐིགས་རེ་རེའི་སྟོབས་ཤུགས་བསྲེས་པས་སྙིང་ཁམས་འཕར་ལྡིང་བྱེད་པ་ལྟར། །
ཁྱེད་ལ་ཚེ་སྲོག་ཆུ་ཐིགས་ལྡན་བརྟན་གནས་རྒྱ་མཚོ་ལྟ་བུར་འགྱུར། །
༡༩༨༤ སྟོན་དུས་སུ་གོས་མཁར་ནས།
  • ལེ་ཚན་སྔོན་མ།: དེ་རིང་ཡང་བསྐྱར་དགེ་འདུན་ཆོས་འཕེལ་དྲན།
  • ལེ་ཚན་རྗེས་མ།:འོད་སྣང་གི་གནང་སྦྱིན།