སྙན་ངག།

        2021-04-08

༼ ཞར་བཀོད་བཞི ༽

གཅིག།

༡ རྣམ་གྲངས་བརྗོད་པའི་རྒྱན།

ཉི་མ་འདྲ་བའི་སློབ་དཔོན་དང་།།

ཟླ་བ་འདྲ་བའི་ཕ་མ།།

སྨིན་དྲུག་འདྲ་བའི་གྲོགས་པོ་དང་།།

ས་དོག་མོའི་སྟེང་གི་ཉེ་གསུམ་རེད།།

༢ ཏེང་ངེ་འཛིན་གྱི་རྒྱན།

སེམས་པ་སྡུག་གི་སྐད་ཆ།།

ལྕེ་རྩེ་བར་ནས་བཤད་པས།།

ངག་སྦྱོར་ལྷོད་ལྷོད་ཡིན་པས།།

སེམས་པ་སྐྱིད་སྐྱིད་མ་བྱུང་།།

༣ སྙིང་རྗེའི་ཉམས་རྒྱན།

ཁ་ཕུ་རོ་ཡི་དོན་དུ།།

ཉིན་མཚན་གཉིས་ཀ་ཁྱད་མེད།

བྲན་གཡོག་ལམ་དུ་རྒྱུགས་ནས།།

མི་ལོ་བཞི་ཙམ་འགོར་སོང་།།

༤ དགོད་བྲོ་བའི་ཉམས་ཀྱི་རྒྱན།

རང་ཉིད་ཆོག་ངན་བལྟ་བར།།

གཞན་ལ་དྲིས་པ་མི་དགོས།།

སྤྱོད་པ་ལས་ཤིག་བྱས་དུས།།

བཟང་ངན་རི་མོ་བཀྲ་འོང་།།

༥ རེ་བ་དང་བཅས་པའི་དགའ་བའི་རྒྱན།

རྒྱང་རིང་སོང་བའི་ང་རང་།།

ཕ་ཡུལ་མི་དྲན་མ་རེད།།

ལས་ཀ་འཚོལ་བའི་དོན་དུ།།

སླེབས་པའི་ཉིན་ཞིག་ཤར་ཡོང་།།

༦ སྐབས་མིན་བསྟོད་པའི་རྒྱན།

མེ་ཏོག་བཞད་པའི་དང་པོ།།

རྩྭ་ཐང་སྟེང་དུ་བཞད་སོང་།།

ང་ནི་རྩྭ་ཐང་དཀྱིལ་དུ།།

བུང་བ་ཡིན་ན་དགའ་བ།།

༧ ཆོས་ཅན་འགོག་པའི་རྒྱན།

བདག་གི་དྲིན་ཆེན་ཕ་མ།།

བྱ་རྒྱ་ཁྱུང་ཆེན་དེ་རེད།།

ཁྱུང་ཆེན་སྒྲོ་སྤོ་མ་གཏོགས།།

ཁྱུང་ཆེན་མཐོང་རྒྱུ་མི་འདུག །

༨ དཔེ་རྒྱན།

རྡོ་རྐོས་རི་མོ་ལྟ་བུའི།།

མ་གཤིས་བརྟན་པོ་བྱུང་ན།།

རུས་སྦལ་སྒོང་ང་ལྟ་བུའི།

བརྩེ་བ་འགྱུར་མེད་ཞུས་ཆོག །

༩ ཟླ་བོ་དངོས་པོའི་དཔེ།

ཁྱོད་ཕ་ཡུལ་ལོག་པའི་ཉིན་མོར།།

ཁྱོད་མ་སླེབས་གསུང་སྐད་སྙན་བྱུང་།།

ཁྱོད་ལེན་པའི་གླུ་དབྱངས་སྙན་མོ།།

སྙན་རྣ་བའི་བུ་རམ་མངར་མངར།།


  • ལེ་ཚན་སྔོན་མ།:སློབ་བུ་རྣམས་ལ་སྤྲིངས་པའི་འཕྲིན།
  • ལེ་ཚན་རྗེས་མ།:དབུགས་རིང་ཞིག