དབུགས་རིང་ཞིག

བྱང་རླུང་།        2021-04-09

ཅི་ཡང་མི་ཐོས་པར།

འཇམ་ཅག་གེར།

ཞོགས་པ་ཞིག་གི་སྣེ་མོར་འཇུས།

ཞོགས་པའི་ཉི་ཟེར་གྱི་གཤོག་པ།

ཡིག་འབྲུའི་སུམ་ཅུའི་ང་རོ་གྲངས་མེད།

ཞེ་འཁོན་གྱི་བསམ་བློ།

ཉི་ཟླའི་བར་གསེང་དུ་བྱེར་བཞིན།

སྲིད་པའི་མཐའ་རུ་འཁྱམས།

ལོ་རབས་མང་མང་ཞིག།

གནས་ལུགས་ཤིག་ཏུ་བརྩི་མཁན་ཡིན་ཡང་།

ཡུན་རིང་དུ་ཉར་བའི་དུས་ཚོད།

ཐ་ན། རླུང་ལ་ཁུར།

བྱང་ཐང་གི་ནོར་ཁྱུ།

རི་ནས་གྲོང་ཁྱེར་དུ་བཞུད་པ།

སུ་ཞིག་ཆེད་ཡིན་ནམ།

  • ལེ་ཚན་སྔོན་མ།:སྙན་ངག
  • ལེ་ཚན་རྗེས་མ།:ངག་ཤུན།