ཁ་བའི་འབྲོག་མོ།

        2021-03-05

ཁ་བ་ལྷབ་ལྷུབ་འབབ་དུས།།

ཁ་འདྲིས་བྱམས་པ་དྲན་ལེ།།

ཁ་བར་དྲན་ཤེས་ལྡན་ན།།

ཁ་སེམས་དཀྲུག་པ་མ་གནང་།།

ཁ་ཁྲིམས་བཞག་པ་མ་རེད།།

ཁ་རྡུང་རག་པ་མིན་ཡང་།།

ཁ་ཁོག་མེད་པའི་སྐད་ཆ།།

ཁ་ནས་འབུད་རྒྱུ་དཀའ་བའི།།

ཁ་ཁར་སོང་བའི་ཉིན་ནས།།

ཁ་པར་ཙམ་ཡང་མ་འཕྲོད།།

ཁ་དང་སྐད་ཆ་མེད་ཀྱང་།།

ཁ་སེམས་བསམ་པ་གངས་ཡིན།།

ཁ་བ་བུ་ཡུག་ཀློང་ནས།།

ཁ་སེམས་དཀར་བའི་འབྲོག་མོ།།

ཁ་དཀར་ལུ་གུའི་ལྷན་དུ།།

ཁ་བས་གདུང་གིས་ཨེ་ཡོད།།

ཁ་ཡག་བཤད་པ་མ་ཡིན།།

ཁ་བདེ་ངོམ་པ་མ་ཡིན།།

ཁ་མཚར་རྩེ་བ་མ་ཡིན།།

ཁ་ལུས་འདི་ཀོ་ཁྱོད་ཡིན།།

ཁ་བའི་འདབ་མ་རེ་རེས།།

ཁ་ཁོག་དུང་ལས་དཀར་བའི།།

ཁ་བའི་འབྲོག་མོའི་གཤིས་ཀའི།།

ཁ་ཡིག་དྲན་དུ་བཅུག་སོང་།།

ཁ་གཞིས་དཀར་ལ་དམར་བའི།།

ཁ་མཆུ་པདྨའི་འདབ་མ།།

ཁ་སོའི་ཚེམས་ཕྲེང་མཛེས་ལེ།།

ཁ་འདྲིས་ཞེ་འདྲིས་ཁྱོད་ཡིན།།

ཁ་དན་ཚིག་གི་རི་མོ།།

ཁ་བའི་གཞུང་ལ་མ་བྲིས།།

ཁ་ཁུ་སིམ་པོའི་བྲག་ལ།།

ཁ་གསལ་གཏིང་གསལ་བྲིས་ཡོད།།

༼ འདན་རུལ་རྒོལ། ༽


  • ལེ་ཚན་སྔོན་མ།:ཟག་མེད་ཀྱི་གླུ།
  • ལེ་ཚན་རྗེས་མ།:​བུད་མེད།