ཡུ་མོ་ཁེར་འགྲོ།

ཧུན དུར་རོ།        2021-01-19

སྨག་ནག་པའི་མཚན་མོ་ཞིག་ལ།

ཆར་ཆུ་དང་ལྷན་དུ་ཁེར་འགྲོ་མ་གནང་།

རྔོན་པས་བཤད་ན། རྨི་ལམ་ནང་

གི་ཡུ་མོ་མཐོང་

ཐལ་ཟེར།

ཁྱེའུའི་གྲིབ་ཡོལ་དང་འདྲ་བའི་

རྔོན་པ་ཐོན་ལ་ཡོད་ཟེར།

བརྩམས་སྒྲུང་ནང་གི་ཉི་ཟླ་གཉིས་

ཀྱང་ལོན་ལ་ཡོད་ཟེར།

ཐག་མི་རིང་། སེམས་ཀྱི་ཡུ་མོ།

ཐོན་ལ་ཡོད། སྙིང་གི་ཡུ་མོ།

བདག་པོ་དང་གཏན་དུ་ཁ་བྲལ་མི་རུང་།

ཡུ་མོ་ཁེར་འགྲོ

ནམ་ཞིག་ཁྱོད་ལ་བདག་པོ་ཐོབ་རྗེས།

ང་ཟེར་བའི་འབུ་ཕྲ་ཆུང་ཆུང་ཞིག་

ཡོད་པའང་བརྗེད་དུ་མ་འཇུག

ཡུ་མོ་ལགས། ཁ་ཆེམས་འབོར་

མི་ཉན།

ཡུ་མོ་ལགས། སེམས་གཏམ་འབོར་

མི་ཉན།

དཀར་ནག་གཉིས་འཛོམས་ཀྱི་

འཇིག་རྟེན་འདི་དང་།

ང་རང་གཏན་དུ་ཁ་བྲལ་རྗེས།

ད་དུང་ཡང་ཁྱོད་རང་ཉིད་ཀྱི་

མདུན་བསྐྱོད་བརྗེད་མི་རུང་།

རི་དྭགས་ལའང་རང་གི་ནགས་ཚལ་ཡོད།

མི་ལའང་རང་གི་གྲོང་སྡེ་ཡོད།

དེ་བཞིན་དུ་ཁྱོད་ལའང་དུས་ཚོད་ཀྱི་

ཁ་ལོ་པ་ཡོད།

མཐར་ཁྱོད་ནི།

ངའི་སེམས་པའི་ར་བ་ལས།

བརྒལ་མི་རུང་།

རྒྱུ་མཚན། ཕྱི་རོལ་ན་འདུ་

འཛི་རྒོད་པས་སོ།།

ངས་ནམ་རྒྱུན། རྣ་བ་བླགས་ཏེ།

མདོ་བ་འབྲོག་གི་འབྲུག་མོ་བྱམས་ཀྱི་

ཕྱི་ནང་གསང་གསུམ་ལ་ཉན་སྤྲོ།

ངའི་སེམས་ཀྱིས་ཁྱོད་ལ་བཟུང་བ་ནི།

ཡུ་མོ་ཁེར་འགྲོ་ཡིན།

ནམ་ཞིག་མགོ་བོ་བཏེག་སྟེ་རང་གིས་

རང་རྩམ་ཟ་ཐུབ་པར་བསྒུག་ཡོད།

  • ལེ་ཚན་སྔོན་མ།:སེམས་ནང་གི་ཨ་མ།
  • ལེ་ཚན་རྗེས་མ།:དྲན་པ་ཞིག་གི་ཡ་སྙིང་སློག་ན།