ལྷགས་རླུང་།

ལྷ་གསར་བ།        2020-12-02

གློ་བུར་དུ་སྔ་གཞུག་གི་དུས་ཚོད་མཐའ་དག

སྒོ་གཏན་བྱུང་བ་དང་འདྲ།

ཁང་གསེང་གི་བར་སྟོང་རེ་རེ་ནས་དབུགས་རྒྱུན་གྱི་སྨུག་པ་དུམ་བུར་དུམ་བུར་ཆད་བྱུང་།

དེ་ནི་མི་རེ་རེའི་ནང་སེམས་ཀྱི་ན་བུན་ཕྱི་རུ་སྲིང་བ་དང་འདྲ།

དུས་ཚོད་ཀྱི་སྒོ་དྲུང་གང་ཞིག་ནས་མི་ཚོགས་ཀྱི་སྙིང་གི་འཕར་སྒྲ་ཅུང་ཙམ་ནས་དལ་འཇགས་སེར་གནས་ཐུབ་སོང་།

ཆུ་རླབས་ཀྱིས་བཀྲུས་པའི་ངོ་གདོང་འདི་ཚོ།

ལྡེམ་ལྡེམ་གྱིས་བགྲོད་པའི་ཚུལ་འཆོས་འདི་དག

དུས་ཚོད་ཀྱི་ཁྲོད་ནས་ཅུང་ཙམ་བསྡད་བྱུང་།

དེ་ནི་ཡུན་རིང་གི་སེམས་བྱུང་ལྕི་མོ་དག

གནས་གཅིག་ཏུ་ཧད་དེ་སྡོད་དགོས་བྱུང་བ་དང་འདྲ།

ལྷགས་རླུང་གིས་བདས་པའི་དུས་ཚོད་ལྷག་མ་འདིས།

ཕན་ཚུན་འཕྲད་མི་ཐུབ་པའི་ན་ཟུག་གཞན་ཞིག་སྤྲད་སོང་།

མི་རྣམས་བསམ་གཞིགས་ཀྱི་གཏིང་དུ་སྡོད་དགོས་བྱུང་།

སླར་ཡང་འདས་སོང་གི་རང་ཉིད་ལ།

བྱིལ་བྱིལ་ཐེངས་གཅིག་གནང་དགོས་བྱུང་།

རེ་སྒུག་གི་གནས་མལ་གྱི་ཕྱོགས་གཅིག་ཏུ་སྐྱེ་འཆིའི་ཁ་ཆར་ཡང་ཡང་ལྡང་བྱུང་།

  • ལེ་ཚན་སྔོན་མ།:ཨ་མ་དང་ངའི་ཉིན་ཐོ།
  • ལེ་ཚན་རྗེས་མ།:སྟོན་མགོ་མའི་མགུར་དབྱངས།