དབྱངས་ཅན་ཟླ་བ།

སྦྲང་བུ།        2020-07-15

ཟླ་བས་སྐར་མ་འཛིན་བྱུང་།།

སྐར་མའི་ཁྱིམ་ལ་འཛུལ་ཐལ།།

ལྷ་མོས་ཟླ་བ་དེད་དེ།།

ཟླ་བའི་ཁྱིམ་ལ་འཛུལ་སོང་།།

གངས་གྲོང་ཟླ་བའི་འོག་ཏུ།།

མཚན་མོའི་གཏམ་ལ་ཆགས་པའི།།

མིག་ཡངས་ཡིད་དགའ་པདྨ།།

ཡིད་བསྡུས་དབྱངས་ཀྱི་ཟློས་གར།།

མཉམ་བཞག་རྣ་བ་ཞིག་ལ།།

འདུ་བྱེད་ངང་ཚུལ་རིག་པ།།

སྨྲ་བའི་པདྨའི་མདངས་སུ།།

ངག་གི་ཟླ་བ་བསྒུགས་ཡོད།།

ཡི་གེ་ཉམས་པ་ལོས་ཡིན།།

ཨ་ལོང་གཞོན་པའི་སེམས་སུ།།

རྫུ་འཕྲུལ་འདབ་མ་གཡོ་བའི།།

ཞེ་སྡང་མེ་ཏོག་དམར་པོ།།

འདབ་མ་འདམ་དུ་ཟུག་ནས།།

སྐྲ་ལོ་ས་རུ་ལྷུང་བྱུང་།།

དྲི་མེད་ཤེལ་གྱི་བུམ་པ།།

མཐའ་དག་འཛིན་པ་མེད་ཀྱང་།།

སྲོད་ཀའི་དབྱངས་ཅན་ཟླ་བ།།

འབྱུང་བ་ས་ཡི་བཅུད་ལས།།

མཁའ་གྲོང་གཏམ་ལ་ཨེ་ཆགས།།


  • ལེ་ཚན་སྔོན་མ།:གྲོགས་པོ་སྙན་ངག་པ་ཞིག་ལ་བཏང་བའི་འཕྲིན།
  • ལེ་ཚན་རྗེས་མ།:སང་ཉིན་དུས་ཐོག་ཏུ་འཆར་སྲིད་དམ།