ཏང་སྲིད་བཟང་པོར་བསྔགས་པ།

བསྟན་འཛིན་གྲགས་པ།        2020-07-02

ཡང་དག་སྲིད་ཇུས་བཟང་པོ།།

ཁ་ཡི་ཉི་མ་འདྲ་བྱུང་།།

བཏང་སྙོམས་དམངས་ལ་འཕྲོས་པས།།

དབུལ་པོའི་ཞྭ་མོ་ཕུད་སོང་།།

ཚན་རྩལ་གོང་དུ་འཕེལ་ནས།།

དཔལ་འབྱོར་སྒོར་མོ་ཕྱེ་སོང་།།

འདས་པའི་ཁང་རུལ་གོག་ཏོ།།

དཀར་ཆའི་འོད་ཀྱིས་ཁེངས་སོང་།།

ད་ལྟའི་ཐོག་བརྩེགས་ཁང་བཟང་།།

ཡངས་ཤིང་དཀར་ཆ་དོད་པ།།

རྡོ་ཁང་གྲུ་བཞིའི་ནང་ལ།།

དགའ་སྤྲོའི་དགོད་སྒྲས་ཁེངས་འདུག

ཕྱི་ནས་བཟོ་བཀོད་ལེགས་པ།།

བལྟས་ན་མིག་གི་ལོངས་སྤྱོད།།

ནང་གི་སྒྲིག་གཤོམ་ལེགས་པ།།

མྱང་ན་སེམས་ཀྱི་བདེ་སྐྱིད།

ཏང་གི་སྲིད་ཇུས་བཟང་པོས།།

འགན་གསུམ་འཚོ་བ་གནང་བས།།

ང་ཚོ་འབངས་ཀྱི་འཚོ་བར།།

སེམས་ཁྲལ་བྱེད་དགོས་མི་འདུག།

ཤེས་རིག་པད་མའི་ཚལ་ལ།།

གང་འདོད་རོལ་བའི་གོ་སྐབས།།

སྲིད་ཇུས་བཟང་པོའི་དྲིན་ལས།།

ང་ཚོ་རྣམས་ལ་འཐོབ་བྱུང་།།

བཤེས་གཉེན་བྱམས་བརྩེ་ཆེ་བ།།

དབུ་ཁྲིད་མཛུབ་སྟོན་ལེགས་པ།།

མ་འོངས་ང་ཚོའི་འཚོ་བ།།

ཡར་ངོའི་ཟླ་བཞིན་རེད་འདུག།


  • ལེ་ཚན་སྔོན་མ།:གུང་ཁྲན་ལ་བསྟོད་པའི་ཚིག་ཕྲེང་ཅོ་ཀའི་དྲུག་འགྱུར།
  • ལེ་ཚན་རྗེས་མ།:མེས་རྒྱལ་ལ་བསྟོད་པ།