མིག་དཔེ་བལྟས་ནས་མིའི་བྱ་སྤྱོད་འགྱུར་བ་གཏོང་སྲིད།

སེར་ཤུལ་རྫོང་དྲིལ་བསྒྲགས་པུའུ་ཡི་ཟླ་བ་སྒྲོལ་མ།        2020-05-13

 ཕ་མ་དང་དགེ་རྒན་ཡང་ན་མིག་དཔེ་ལྟ་སའི་བྱ་སྤྱོད་བཟང་པོར་ལད་མོ་བྱེད་པ་ནི་རང་གི་བྱ་སྤྱོད་ཇེ་ལེགས་གཏང་ཐུབ་ལ། མིག་དཔེ་བཟང་པོར་བལྟས་ན་བསོད་ནམས་ཞིག་ཡིན་དེ་མིག་དཔེ་ངན་པར་བལྟས་ན་གྱོང་གུད་ཅིག་ཡིན།

ང་ཚོས་བཤད་བཞིན་པའི་ཤེས་རིག་མིན་པའི་རྒྱུ་རྐྱེན་གྱི་སྦྱོང་བརྡར་དང་སྐྱེད་སྲིང་བྱས་པའི་གནད་དོན་ནི། རིག་གཞུང་སྦྱང་བའི་ཐད་ལ་ཧ་ཅང་སྟབས་བདེའི་དཔྱེ་དབྱིབས་ཤིག་ཡོད། སློབ་སྦྱོང་གི་གྲུབ་འབྲས་ནི་རྒྱུ་རྐྱེན་གསུམ་ལ་རེག་ལས་ཡོད་དེ།  རྒྱུ་རྐྱེན་དང་པོ་ནི་ཤེས་ཡོན་ཡིན། རྒྱུ་རྐྱེན་གཉིས་པ་ནི་ཤེས་རིག་ཡིན། རྒྱུ་རྐྱེན་གསུམ་པ་ནི་ཤེས་རིག་མིན་པའི་རྒྱུ་རྐྱེན་ཡིན། རྒྱུ་རྐྱེན་གསུམ་པོའི་ནང་ནས་ཤེས་རིག་གི་རྒྱུ་རྐྱེན་ནི་ཤེས་ཡོན་གྱི་རྒྱུ་རྐྱེན་ལས་གལ་ཆེ་ལ། ཤེས་རིག་མིན་པའི་རྒྱུ་རྐྱེན་ནི་ཤེས་རིག་གི་རྒྱུ་རྐྱེན་ལས་གལ་ཆེ།

ཡང་ན་ང་ཚོའི་རྒྱུན་ལྡན་གྱི་འཚོ་བ་དང་སློབ་སྦྱོང་གི་ཁྲོད་དུ་ཤེས་རིག་མིན་པའི་རྒྱུ་རྐྱེན་ནི་ཤིན་ཏུ་གནད་ཆེ་བ་ཤེས་ཐུབ། དཔེར་ན་སྐབས་འགར་ཁྱོད་ཀྱིས་ཟུར་སྣོན་རྩིས་གཞི་འབྲི་ཤེས་ཏེ་སྔོན་གྱི་ཁ་གསབ་སྐོར་དང་བདམས་གསེས་སྐོར་ཅུང་སླ་བའི་རྩིས་གཞི་ཡང་ནོར་སྲིད། ད་དུང་སྐབས་འགར་སློབ་སྦྱོང་བྱེད་དུས་རིག་པ་བསྒྲིམ་མི་ཐུབ་ལ་ཅུང་ཙམ་སྦྱང་རྗེས་ཁ་གཡེང་མིག་གཡེང་བྱས་ནས་བསྡོད་མི་བཟོད་པར་འགྱུར་བ་སོགས་དེ་དག་ཐམས་ཅད་ཤེས་རིག་མིན་པའི་རྒྱུ་རྐྱེན་གྱི་རྒྱུན་སྲིང་རང་བཞིན་དང་བརྟན་བརླིང་རིང་བཞིན་ཡིན།  བསམ་བློའི་ནང་དུ་སློབ་སྦྱོབ་དང་ལས་ཀ་ཤར་མ་ཐག་ཏུ་ལེ་ལོ་དང་གཉིད་ལོག་བྱེད་པ་ནི་ཤེས་རིག་མིན་པའི་རྒྱུ་རྐྱེན་གྱི་ཧུར་སེམས་ཡིན། སློབ་སྦྱོང་དང་ལས་དོན་ཐད་ལ་ཉི་མ་འཁྱོལ་ཐབས་ཀྱི་བྱ་སྤྱོད་ལྡན་པ་ནི་ཤེས་རིག་མིན་པའི་རྒྱུ་རྐྱེན་གྱི་རང་འགུལ་རང་བཞིན་ཡིན།  ཤེས་རིག་མིན་པའི་རྒྱུ་རྐྱེན་དེ་དག་གིས་སློབ་སྦྱོང་དང་ལས་དོན། འཚོ་བ་ཐད་ལ་དངོས་གནས་སྙིང་དོན་ཆེན་པོ་ལྡན་ཡོད།

གཞུང་ལས་ཁང་གི་ལས་དོན་པ་ཁ་ཤས་ཀྱིས་འགྲན་སློང་རང་བཞིན་གྱི་ལས་དོན་དང་དཀའ་ཚེགས་ཆེ་བའི་ལས་བཀའ་ཧ་ཅང་ལེགས་པོ་སྒྲུབ་ཐུབ། འོན་ཀྱང་ཡིག་ཚགས་ཞུ་དག་གི་ལས་ཀ་ལེགས་པོ་བྱེད་མི་ཐུབ། གཅིག་ན་སྤུས་ཚད་ཅུང་ཞན་པ། གཉིས་ན་རྒྱུན་འཁྱོངས་བཟང་པོ་བྱེད་མི་ཐུབ་པ། དེ་དག་ཐམས་ཅད་ཤེས་རིག་མིན་པའི་རྒྱུ་རྐྱེན་གྱི་གནད་དོན་ཡིན།

འོ་ན་ཤེས་རིག་མིན་པའི་རྒྱུ་རྐྱེན་ཇི་ལྟར་སྐྱེད་སྲིང་བྱེད་དགོས་ཞེ་ན། ལུས་རྩལ་སྦྱོང་བརྡར་དང་མིག་ལྟོས་ལད་མོ་ཡིས་ཤེས་རིག་མིན་པའི་རྒྱུ་རྐྱེན་སྐྱེད་སྲིང་བྱེད་ཐུབ། ཐེངས་འདིར་གཙོ་བོར་བཤད་རྒྱུ་ནི་མིག་ལྟོས་ལད་མོ་ཡིན།

ཚོད་ལྟ་གྲགས་ཆེན་ཞིག་གི་མགོ་བརྩམས་ནས་བཤད་ན། ཚོད་ལྟ་འདི་ནི1961ལོའི་སེམས་ཁམས་རིག་པ་བ་པན་དོས་བླ་དང་ཁོང་གི་ཚོགས་པས་བཟོས་པའི་ཚོད་ལྟ་ཞིག་ཡིན། ཚོད་ལྟ་འདིའི་སྲོག་ཤིང་ནི་མིའི་བྱ་སྤྱོདཇེ་ལེགས་ཇི་ལྟར་བཏང་བ་ཞིབ་འཇུག་བྱེད་པ་དེ་ཡིན། 

ཚོད་ལྟ་འདིའི་བརྒྱུད་རིམ་ནི་འདི་ལྟར་ཡིན། ཆ་སྙོམས་ལོ་ཚད་བཞི་ལོན་པའི་བྱིས་པ་ཆུང་ཆུང72ཏེ་བུ36དང་བུ་མོ36ཚོ་གསུམ་བགོས་ཏེ་ཚོ་ཆུང་རེ་བྱིས་པ24རྩེད་ཆས་ཁང་པ་གསུམ་གྲ་སྒྲིག་བྱས་ནས་རྩེད་ཆས་སྣ་ཚོགས་གང་བཞག། རྩེད་ཆས་ཁང་པའི་ཟུར་ཞིག་ལ་རླུང་སྣོན་རྩེད་ཆས་ཞིག་བཞག།   

ཚོ་ཆུང་དང་པོ་དང་གཉིས་པ་ནི་ཚོད་ལྟ་ཚོ་ཆུང་ཡིན། ཚོ་ཆུང་གསུམ་པ་ཤན་སྦྱར་ཚོ་ཆུང་ཡིན། ཚོད་ལྟ་འདིའི་སྲོག་ཤིང་ནི་དར་མའི་རྡུང་རྒྱག་བྱ་སྤྱོད་དེ་བྱིས་པ་ཚོས་མགྱོགས་མྱུར་དུ་ལད་མོ་བྱེད་ཨེ་ཐུབ་ཞེས་པའི་དོན་དག་འདི་ཞིབ་འཇུག་བྱེད་རྒྱུ་དེ་ཡིན།  དེར་བརྟེན་ཚོ་ཆུང་དང་པོའི་ཚོད་ལྟའི་ཁང་པའི་ནང་དུ་དར་མ་ཞིག་འདུག་ཏུ་བཅུག   དར་མ་དེས་རླུང་སྣོན་རྩེད་ཆས་རྒྱག་བཞིན་དུ་ངག་ནས་སྡིག་མོ་བྱེད་པ།

ཚོ་ཆུང་གཉིས་པའི་ནང་དར་མ་ཞིག་ཞུགས། འོན་ཀྱང་ཁོས་བྱ་སྤྱོད་ནི་རྡུང་རྒྱག་མི་བྱེད་ལ་ཁང་བའི་ཟུར་ཞིག་དུ་རི་མོ་སྒྲིག་ནས་བསྡད། ཚོ་ཆུང་གསུམ་པའི་རྩེད་ཆས་ཁང་པའི་ནང་དར་མ་མེད་ལ་བྱིས་པ་ཚོ་རང་རང་རྩེ་བཞིན་ཡོད། སྐར་མ་བཅུ་ཙམ་གྱིས་མི་དེ་གཉིས་ཁང་བ་ནས་ཕྱིར་བུད། ཞིབ་འཇུག་པ་དག་ལྟ་སྐོར་སོང་ཚེ་ཚོ་ཆུང་དང་པོའི་ནང་གི་བྱིས་པ་ལ་རྡུང་རྒྱག་གི་བྱ་སྤྱོད་ཡོད།  ཚོ་ཆུང་གཉིས་པ་དང་གསུམ་པའི་ནང་གི་བྱིས་པ་ལ་རྡུང་རྒྱག་གི་བྱ་སྤྱོད་མེད།

ཚོད་ལྟ་དེ་ལས་ཤེས་རྟོགས་ཐུབ་པ་ནི། དར་མའི་རྡུང་རྒྱག་བྱ་སྤྱོད་དེ་བྱིས་པ་ཚོས་ལད་མོ་ཧ་ཅང་བྱེད་སླ།  བྱིས་པ་མང་ཆེ་བའི་དྲག་སྤྱོད་ནི་ཕར་ཆེར་དར་མའི་བྱ་སྤྱོད་ལ་ལད་མོ་བྱས་པ་ཡིན་ལ་ཁྱད་པར་དུ་རང་གི་ཕ་མའི་བྱ་སྤྱོད་ལ་ལད་མོ་བྱེད་སྲིད་།  བུས་ཕའི་བྱ་སྤྱོད་ལ་ལད་མོ་བྱེད་སྲིད་ལ་བུ་མོས་མའི་བྱ་སྤྱོད་ལ་ལད་མོ་བྱེད་སྲིད། སློབ་གྲྭ་ནང་ཡང་དེ་ལྟར་ཡིན། དེ་ལས་བུ་ཚོས་རྡུང་རྒྱག་དང་འཛིང་མོ་བྱེད་པ་དང་བུ་མོ་ཚོས་ངག་ཐོག་ནས་དམོད་མོ་བྱེད་ངེས།

ཚོད་ལྟ་འདིའི་ཤུགས་རྐྱེན་ཆེན་པོ་ཐེབས་ལ་དེ་ལས་ཤེས་རྟོགས་བྱུང་བ་ནི་མིག་དཔེ་དང་ལད་མོ་ནི་བྱ་སྤྱོད་ཀྱི་ལམ་སྲོལ་གལ་ཆེན་ཞིག་ཡིན།  གལ་ཏེ་བྱ་སྤྱོད་ཞིག་ལ་སྣེ་ཁྲིད་དང་བསྒྱུར་བཅོས་བྱེད་བསམ་ན།   དེ་ལ་མིག་དཔེ་བཟང་བོ་ཞིག་ཡོད་དགོས།  ཐད་ཀར་སློབ་ཁྲིད་མ་གནང་ན་ཡང་། མིག་དཔེའི་བྱ་སྤྱོད་ཀྱིས་གཞན་ལ་ཤུགས་རྐྱེན་ཐེབས་སྲིད། གནས་ལུགས་དེ་ལས་ཁྱིམ་བདག་དང་དགེ་རྒན་གྱི་བྱ་སྤྱོད་ཀྱིས་བྱིས་པ་ཚོ་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཤེས་ཐུབ།

ད་དུང་ང་ཚོས་ནན་བཤད་དགོས་པ་ནི་འཕྲིན་སྦྱོར་གྱི་ནུས་པ་སྟེ་སྤྱི་ཚོགས་ཡོངས་ཀྱི་ན་གཞོན་དག་གལ་ཏེ་འཕྲིན་སྦྱོར་ཞིག་གི་དྲག་ཤུགས་ངང་ཚུལ་ཁྲོད་དུ་གནས་ན། དེ་ཚོ་ཡང་དེ་ལྟར་དྲག་ཤུགས་ལ་ལད་མོ་བྱེད་ངེས། མ་ཚད་འཕྲིན་སྦྱོར་ཞིག་དྲག་ཤུགས་ལ་ནང་དོན་དྲག་ཤུགས་དང་ཁ་བརྡའི་དྲགས་ཤུགས་གཉིས་སུ་དབྱེ། གལ་ཏེ་ཁྱོད་ཀྱིས་དཔྱད་བརྗོད་ཁུལ་ནང་དུ་ཡང་ན་རྗེས་འདེད་ནང་དུ་ཁ་བརྡའི་དྲག་ཤུགས་སྣ་ཚོགས་ཡོད་ན། ད་གཟོད་ཁྱོད་ལའང་ཤུགས་རྐྱེན་ཐེབས་ཏེ་ཁྱོད་ཀྱིས་ཀྱང་ཁ་བརྡའི་དྲགས་ཤུགས་བཀོད་ངེས་ཡིན། དེ་ནི་ང་ཚོས་དོ་སྣང་བྱེད་དགོས་པའི་དོན་དག་གལ་ཆེན་ཞིག་ཡིན།

འདོད་བློའི་གཤིས་རྒྱུད་དང་ཤེས་རིག་མིན་པའི་རྒྱུ་རྐྱེན་ཐད་ལ་མིག་དཔེ་ལད་མོ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱི་འདོད་བློའི་གཤིས་རྒྱུད་དང་ཤེས་རིག་མིན་པའི་རྒྱུ་རྐྱེན་གསོ་སྐྱོང་བྱེད་འདོད་ན། ཁྱོད་ལ་མིག་དཔེ་དང་ཚད་གཞི་ཞིག་བཞག་སྟེ་དེ་ལ་ལད་མོ་དང་ཞིབ་ལྟ་བྱས་ན་ཁྱོད་ཀྱི་འདོད་བློའི་གཤིས་རྒྱུད་དང་ཤེས་རིག་མིན་པའི་རྒྱུ་རྐྱེན་ཡང་ལེགས་བཅོས་མངོན་གསལ་ཡོང་ཐུབ།

བྱིས་པ་གསོ་སྐྱོང་བྱེད་རྒྱུ་ཡང་ན་རང་ཉིད་ཀྱི་འཚར་ལོངས།  མ་ཚད་ཚོགས་པའི་ནང་གི་གཞོན་ནུ་གསོ་སྐྱོང་བྱེད་རྒྱུ་སོགས་ལ་མིག་དཔེ་ལད་མོའི་ཐབས་ལམ་བཟང་བོ་དེ་བེད་སྤྱོད་བྱས་ན་ཧ་ཅང་བཟང་།  མིག་དཔེ་འཛུགས་པ་དང་སྔོན་ཐོན་གྱི་མི་ཞིག་བཙལ་ནས་དེ་དང་མཉམ་དུ་འབྲེལ་འབྲས་ཟབ་མོ་བྱས་ཏེ། ཡུན་གྱིས་དེ་དག་གི་བྱ་སྤྱོད་ལ་ཞིབ་ལྟ་དང་མྱོང་ཚོར་མཉམ་ལེན་བྱས་ན་ད་གཟོད་ཚང་མའི་ཧུར་སེམས་དང་རང་འགུལ་རང་བཞིན། བརྟན་གཤིས་སོགས་ཇེ་ལེགས་ཇེ་མཐོ་རུ་འགྲོ་ངེས་ཡིན། འདི་ནི་ང་ཚོས་བཤད་པའི་ཆེས་གལ་ཆེན་གྱི་ཐབས་ཤེས་ཞིག་ཡིན།


  • ལེ་ཚན་སྔོན་མ།:བརྗོད་དོན་གྱི་བསླུ་བྲིད་དང་ཡིག་འབྲུའི་ཞུན་བརྡར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།