སྙན་ངག་བསོར་མོ།

འབར་མེ།        2019-11-11

ལབ་རྒྱག་པ།

ཁ་སང་གི་བུ་མོ་དེའི་ལུས་པོ་ཕྲ་བ་དང་།

མིག་ཀྱང་མཛེས་པོ་འདུག

ང་ལ་ལྟ་སྟངས་ཤིག་གིས།

ཁོ་མོ་ང་ལ་དགའ་གྱིན་མི་འདུག་ན་ཡུམ།


ཁ་བ།

གྲོང་ཁྱེར་གྱི་ཁང་བརྩེགས་དག་གིས་

མཚན་མ་ཕུད་དེ།

གཅེར་བུར་བུད་ནས་བསྡད་འདུག

མཐོ་སྒང་གི་རི་བོ་དག་ནི།

རྒྱ་གར་པ་ཞིག་གིས་དུས་ཆེན་རོལ་བ་ལྟར།

མཛེས་སྡུག་དང་ལྡན་པའི་ལྭ་བ་ཞིག་

གྱོན་ནས་འདུག


དྲྭ་གྲོགས་བུ་མོ་ཞིག

ལུས་པོ་ཡག་ཚུལ་ལ་སྐེད་པ་ཕྲ་

ཚུལ་བཤད།

ཁ་ངོ་མཛེས་ཚུལ་ལ་མཆུ་དང་མིག་

ཞགས་རྣོ།


ཕ་མ།

སློབ་གྲྭར་འགྲོ་སའི་སྤྱི་སྤྱོད་རླངས་

འཁོར་ནང་ནས།

ང་ལ་ཅུང་ཙམ་ཀྱིས་ཁ་པར་ཐོན་བྱུང་།

ལུས་ཀྱི་ལྭ་དང་སེམས་ཀྱི་དྲོད་ཡུལ་ལ་

ལྷག་འདུག་ཟེར།


དྲྭ་རྒྱབ།

དེ་རིང་དྲྭ་རྒྱབ་ལ་རྩོམ་ཞིག་སྤེལ་

དགོས་སམ།

མཛེས་མ་ཞིག་གི་མོ་མཚན་བསྟན་འདུག་

པ་ཞིག་སྤེལ།

ཡང་ན་དགའ་རོགས་ངེད་གཉིས་ཀྱི་ཁ་

བརྡ་དེ་དག་སྤེལ།

མཐའ་མཇུག བསམ་བློ་བཏང་

བའི་མཐའ་མར་ད་གཟོད།

རང་གི་ཕོ་མཚན་དེ་རས་ཀྱིས་ཐུམ་བྱས་

ནས་སྤེལ་རྒྱུར་གཏན་ཁེལ་བྱས།


རྨི་ལམ།

མཛེས་མ་ཞིག་གིས་ང་ལ་དགའ་

ཚུལ་བཤད།

ངས་ཁོ་མོར་ལུས་འབྲེལ་ཞིག་བྱས།

མཐའ་མར་ཁུ་བ་ཡང་མོ་མཚན་ནང་

དུ་བླུག

རེད་དེ་ཅིག་སད་དུས་ཁུ་བ་ཉལ་སར་

འཕོས་འདུག

དོན་ངོ་མར་དེ་ནི་རྨི་ལམ་ཞིག་ཡིན་འདུག


བུད་མེད།

ནུ་མ་མ་ཁེབས་པའི་ནུབ་ལྭ།

ཡར་འདེགས་པའི་གོ་ལྷན་མཐོན་པོ།

ངོ་དཀར་བྱེད་ཀྱི་སྐག་དང་བྱུག་རྫས།

ཉིན་མཚན་དག་ལ་ངོ་བཀྲུས་ཤིང་ཤུགས་

རྒྱག་དོན།

མཇེ་དང་རླིག་བྲས་ཀྱི་དོན་རེད།


འབྲས་བུ།

འཁྲིག་པ་བྱས་པ་ལས་ཁུ་བ་འབྱུང་།

ཟས་ཟོས་པ་ལས་སྐྱག་པ་འབྱུང་།

ཇ་བཏུང་པ་ལས་གཅིན་པ་འབྱུང་།

བུད་མེད་ལ་དགའ་བ་ལས་རང་

སྐྱིད་འབྱུང་།


དྲན་ཚུལ།

ངས་ཁྱོད་དྲན་ནས་གཉིད་མ་ཁུག

ངས་ཁྱོད་དྲན་ནས་ཆང་འཐུང་།


བརྩེ་དུངས།

ཕོ་མོ་ཕན་ཚུན་དགའ་ཚུལ་ནི་བརྩེ་

དུངས་རེད་ཟེར།

  • ལེ་ཚན་སྔོན་མ།:བདུད་རྩི་མཆོད་ཡོན།
  • ལེ་ཚན་རྗེས་མ།:དྲན་སྣང་ཡ་བེ་ཡོ་བེ།