མ་ཡུམ་མེས་རྒྱལ་ལ་བསྟོད་པ།

བློ་བཟང་དབང་མོ།        2019-09-30

སྔོན་ཆད་ང་ཚོ་དྲིན་ཆེན་མེས་རྒྱལ་གྱི་མཚར་སྡུག་བཀྲ་བའི་འཛུམ་མདངས་ཀྱི་བསུ་མའི་འོག་འཇིག་རྟེན་འདིར་ཐེངས་དང་པོར་ལྟད་མོར་འོངས།

སྔོན་ཆད་ང་ཚོས་མེས་རྒྱལ་མ་ཡུམ་གྱི་ལྷད་མེད་ཀྱི་བརྩེ་བའི་འོག་འཁྱར་འཁྱོར་གྱི་གོམ་སྟབས་ཐེངས་དང་པོར་སྤོ་འགོ་བརྩམས།

ད་ཆ། ང་ཚོ་འཚར་ལོངས་བྱུང་ཡོད།

ད་ཆ། ང་ཚོས་བསམ་ཤེས་ཐུབ་ཀྱི་ཡོད།

མ་ཡུམ་མེས་རྒྱལ་ལགས། ཁྱེད་ཀྱི་ལྷགས་བསམ་གྱི་ཕྱག་

ཟུང་གློད་རོགས་གནང་།

ང་རང་གཅིག་པུ་མི་ཚེའི་ལམ་བུའི་སྟེང་དལ་གྱིས་བསྐྱོད་འདོད།

ཁྱེད་ཀྱི་ཟོལ་མེད་ཀྱི་ཕྱག་ཟུང་ལྷོད་རོགས་གནང་།

དཀའ་ཚེགས་ཐམས་ཅད་དང་རྒྱལ་ཁ་ཡོད་ཚད་ཀྱི་གྲོགས་བྱེད་འདོད།

དགའ་སྐྱིད་རྒྱལ་སྟོན་དུས་ཆེན་འདི་དང་བསྟུན་ནས།

ང་ཚོས་མ་ཡུམ་མེས་རྒྱལ་ལ་བསྟོད་གླུ་ལེན་འདོད།

ཀྱེ་ཀྱེ། མ་ཡུམ་མེས་རྒྱལ་ལགས།

ཁྱེད་ནི་ང་ཚོ་ན་ཆུང་འཚར་ལོངས་བྱུང་སའི་གནས་མལ་

དྲོན་མོ་ཡིན།

ཁྱེད་ནི་ང་ཚོར་ཞིམ་མངར་ནུ་ཞོ་སྦྱིན་མཁན་གྱི་དྲིན་ཅན་

སྐྱེད་མ་ཡིན།

ཁྱེད་ནི་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་དང་ཕུགས་འདུན་

བཟང་པོ་གཏོད་མཁན་གྱི་རྒྱབ་རྟེན་ཡིན།

ང་རང་བྱེའུ་ཆུང་ཞིག་ཡིན་ན་དགའ་བ་ལ་ཨང་།

ངས་མ་ཡུམ་མེས་རྒྱལ་གྱི་འབྱུང་འགྱུར་སླད་དུ་གཤོག་

རྩལ་ངོམས་ནས་འཕུར་ལྡིང་བྱེད་འདོད།

ང་རང་ཉ་ཆུང་གསེར་མིག་ཞིག་ཡིན་ན་དགའ་བ་ལ་ཨང་།

མེས་རྒྱལ་གྱི་རྒྱ་མཚོ་ཆེན་པོའི་ནང་དུ་བག་ཡངས་ངང་

འཁྱུག་བགྲོད་བྱ་འདོད།

ང་རང་མེ་ཏོག་ཅིག་ཡིན་ན་དགའ་བ་ལ་ཨང་།

མ་ཡུམ་མེས་རྒྱལ་གྱི་ལྡུམ་རའི་ནང་ལང་ཚོའི་དཔལ་ཡོན་

ངོམས་ན་བསམས།

ང་རང་སྙན་ངག་མཁན་ཞིག་ཡིན་ན་དགའ་བ་ལ་ཨང་།

མ་ཡུམ་མེས་རྒྱལ་གྱི་མངའ་ཐང་ལོངས་སྤྱོད་འཛོམས་

པའི་དཔལ་ལ་བསྟོད་དབྱངས་འབུལ་འདོད།


  • ལེ་ཚན་སྔོན་མ།:ང་དང་ང་ཡི་མེས་རྒྱལ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གསར་པར་བསྟོད་པ།