དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་ཆུང་ངུ་།

ཀུན་གྲོལ།        2019-09-09

ལས་ཀྱི་བདུད་སོགས་རིག་པའི་རྩལ་གྱིས་མནན།།

ཉམ་ཐག་སློབ་མ་བྱམས་བརྩེའི་འོག་ནས་སྐྱོང་།།

ཕ་མའི་གཅེས་ཕྲུག་ལམ་བདེའི་ཞིང་ལ་བཀོད།།

རྒན་གྱི་དྲིན་ལན་འཛམ་གླིང་ཡོངས་ལ་ཁྱབ།།


མི་གཞི་ཀུན་སྤྱོད་གཞན་ལས་ཁྱད་དུ་འཕགས།།

སློབ་མའི་ཤེས་བྱ་ཡར་ངོའི་ཟླ་ལྟར་འཕེལ།།

ཁྱིམ་མི་དག་གི་སེམས་ཚེགས་སེལ་མཁན་སོཊ།།

ནོར་བུ་རིན་ཆེན་ཁྱོད་ཉིད་གཅིག་པུ་ཡིན།།


མི་ཚོགས་ཡིད་ཀྱི་ནོར་བུ་རྐང་གཅིག་དང་།།

གོ་ལ་འདི་ཡི་ཉི་འོད་ཉག་གཅིག་བཞིན།།

མི་ལ་ཤེས་རིག་དཔལ་གྱི་བཀྲ་ཤིས་སུ༎

དུས་དང་རྣམ་པ་ཀུན་ཏུ་རྟག་བརྟན་ཤོག།


  • ལེ་ཚན་སྔོན་མ།:དྲིན་ཕ་མ་ལས་ལྷག་བཤེས་གཉེན་བསྟོད།
  • ལེ་ཚན་རྗེས་མ།:དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ངག