རྨི་ལམ་ཀོག་པོ།

        2019-08-02

ང་ལ་ཉི་མའི་འོད་ཟེར་མི་དགོས།

མུན་པ་ཁོ་ནས།

མིག་ཟུང་གི་ཡོལ་བ་འཐེན་པས་ཆོག

ང་ལ་ཟླ་འོད་ཀྱི་བསིལ་བ་མི་དགོས།

རླུང་བུ་ཁོ་ནས།

གྲང་འཁྱག་གི་དགུན་ཁ་གནང་བས་ཆོག

ང་ལ་སྐར་ཚོམས་ཀྱི་ཕྲ་རྒྱན་མི་དགོས།

མཚན་མོ་ཁོ་ནས།

ངལ་དུབ་སེལ་བས་ཆོག

ང་ལ་ཁེར་རྐྱང་གི་སྡུག་བསྔལ་གདའ་བས་ཆོག

ང་ལ་ཐེར་ཟུག་གི་ནགས་ཚལ་མཆིས་པས་ཆོག

ང་ལ་གཡོ་འགུལ་གྱི་རྨི་ལམ་མང་བས་ཆོག

              གསའ།


  • ལེ་ཚན་སྔོན་མ།:སྨོན་ཚིག་གསེར་ཞུན་མ།
  • ལེ་ཚན་རྗེས་མ།:འགྱུར་ལྡོག