སེམས་ཀྱི་རྟ་ཕོ་མཐུར་མེད།

མགོ་ལོག་ཉི་མ།        2019-06-14

གསེར་གྱི་སྙིང་པོ་མཆོད་བྱའི་མཛེས་པར་འཁྱུད།།

ང་ཡི་སྣང་བའི་མེ་ལོང་དྭངས་ཤིང་གསལ།།

མཐའ་འགྲམ་འཚོ་བའི་འབྱུང་འགྱུར་སྐྱ་བོ་ལ།།

མ་བཟོད་སྐྱོ་སྐྱོ་གནང་ཡང་ཡིད་རེ་ཆད།།


དུས་ཀྱི་བདག་པོའི་ཟེགས་མ་རེ་རེར་འཕྲོ།།

རྐང་གཉིས་ཀུན་གྱི་གྲོགས་སུ་བྱོན་པ་ལགས།།

ང་ཡི་ཡིད་ཀྱི་ནད་རོ་སེལ་བའི་སྨན།།

སང་ཞོགས་ཟེགས་མ་རེ་བའི་གནས་སུ་བསྐྱལ།།


མི་ཚེ་མི་རྟག་སྐད་ཅིག་ཙམ་གྱི་འགྱུར།།

འཚོ་བའི་སྙིང་བོ་དབེན་པའི་ལས་མ་བྱེད།།

སྐབས་བབ་མེད་པའི་སྐད་ཆ་མ་གནང་རོགས།།

ཁྱོད་ཉིད་ཚེར་མའི་ཕུང་བོ་འགྱུར་བར་སླ།།

གངས་ཀྱི་དཀྱིལ་ནས་མགོ་བོ་ལྷ་ལ་གཏད།།

ལུས་པོའི་ཉམས་ཀྱིས་སྡིག་སྒྲིབ་དག་དགོས་ཟེར།།

ང་ཡི་དད་འདུན་གཅིག་པའི་གངས་རི་བ།།

རྩམ་དྲི་མ་ཡལ་ངང་ནས་བཞུགས་རོགས་མཛོད།།

  • ལེ་ཚན་སྔོན་མ།:ཆོས་རྗེ་ས་པཎ་ལ་གྱིམ་ཤིང་གི་མཆོད་པ།
  • ལེ་ཚན་རྗེས་མ།:དབྱངས་ཅན་མ།