བོད་ཀྱི་བྱིས་པ།

རྔ་འོད།        2019-05-31

བྱིས་པའི་འཇིག་རྟེན་ནི།

འོད་ལམ་ལམ་གྱི་མཁའ་དབྱིངས་ཤིག་ཡིན།

དབྱངས་གསལ་གྱི་དྲི་བསུང་རྣམས།

མཁའ་དབྱིངས་ཀྱི་འཇིག་རྟེན་དུ་འདྲེན་དགོས།


བྱིས་པའི་འཇིག་རྟེན་ནི།

མཐོ་ཞིང་བརྗིད་པའི་གངས་རི་ཞིག་ཡིན།

ཁོར་ཡུག་སྲུང་སྐྱོབ་དེ།

རང་གི་ཚེ་སྲོག་ལས་ཀྱང་གཅེས་དགོས།


བྱིས་པའི་འཇིག་རྟེན་ནི།

མཐའ་མི་མངོན་པའི་རྩྭ་ཐང་ཞིག་ཡིན།

འཆལ་གཏམ་གྱི་ལོ་རྒྱུས་ཀྱིས།

ཡིད་འོང་གི་ཚེ་སྲོག་མི་བརླག་པར་ཞུ།


བྱིས་པའི་འཇིག་རྟེན་ནི།

ལྷུང་ལྷུང་དུ་བཞུར་བའི་ཆུ་བོ་ཞིག་ཡིན།

དྭངས་གཙང་གི་སྲོལ་རྒྱུན།

སློབ་གསོའི་རྣམ་གཡེང་དུ་མི་འཁོར་བར་ཞུ།

རྔ་འོད།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སེམས་ཀྱི་ཕྲ་རྒྱན།
  • ལེ་ཚན་རྗེས་མ།:དྲུག་གཅིག་བྱིས་པའི་དུས་ཆེན།