དེ་དུས་ཀྱི་ཞོགས་པ།

ཞོགས་བརྡ།        2019-04-11

ཞོགས་པ་ནི་སེམས་ཀྱི་གུར་ཁྱིམ་ཞིག་སྟེ་གསལ་

ལྷང་ལྷང་མཚེར།

ངས་རྟབ་རྟབ་པོར་སྒྱུ་མའི་མི་ཚེ་ཡི་ཁ་དོག་

མཐོང་དུས།

དེས་ནང་གི་ཞོགས་པ་ཡང་དཀར་པོ་ཞིག་རེད།

ཁྱོད་ཀྱི་ངོ་དབྱིབ་དང་འདྲ་བའི་འཇིག་རྟེན་ན།

སུས་ཀྱང་ཤེས་ཆོག་པའི་བུད་མེད་གཅིག་ཡོད།

ཁོ་མོའང་ང་དང་འདྲ་བར་ཞོགས་པ་འདིས་

མཁའ་དབུགས་རྔུབ་བཞིན་ཡོད།

ངས་བསམ་བློ་ཞིག་བཏང་རྗེས།

ངས་ཁོ་མོ་དང་མཉམ་དུ་མཁའ་དབུགས་

གཅིག་རྔུབ་ཐུབ་པ་ནི་དགའ་འོས་པ་ཞིག་རེད་སྙམ།

འཇིག་རྟེན་ཅི་ལྟར་ཆེ་ན་ཡང་ནམ་མཁའ་

གཅིག་གིས་འོག་རེད།

དེ་དུས་ཀྱི་ཞོགས་པ་དེ་ཡིད་ལ་དྲན་སྐབས།

རྨི་ལམ་ནང་གི་བུ་མོ་དགུན་ཁའི་རླུང་དང་འདྲ་བྱུང་།

དུས་ཚོད་ཀྱི་ཨང་གྲངས་ཀྱང་མི་མཁྱེན།

ཆེས་སྐྱིད་སའི་གྲོང་ཁྱེར་ན་དེ་རིང་

གི་ཞོགས་པ་ལོངས་སུ་སྤྱོད་བཞིན་ཡོད།

ངས་ཁོ་མོར་ཞོགས་པ་བདེ་ལེགས་ཟེར་འདོད་ཀྱང་།

མཚན་མོའི་ང་རང་ས་ཆ་གཞན་ཞིག་ལ་ཁྲིད་སོང་།


  • ལེ་ཚན་སྔོན་མ།:སྣང་བ་སྨྲེང་བས་ཁྲིད་པའི་མགུར།
  • ལེ་ཚན་རྗེས་མ།:སྟོན།