ལོ་སར་བའི་ཤིས་ཚིག

མདོག་མཚར་བཀྲ་ཤིས།        2019-02-18

བཀྲ་ཤིས་གངས་ཅན་གཡང་གི་རྭ་བ་ན།།

བཀྲ་ཤིས་བོད་མི་བདེ་སྐྱིད་འཆམ་མཐུན་ངང་།།

བཀྲ་ཤིས་བསམ་དོན་ཆོས་བཞིན་འགྲུབ་པ་སོཊ།།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

བཀྲ་ཤིས་མེ་ཁྱི་ལོ་རྙིང་ཕ་ལ་བསྐྱལ།།

བཀྲ་ཤིས་ས་མོ་ཕག་ལོ་ཚུར་ལ་བསུས།།

བཀྲ་ཤིས་འཛམ་གླིང་བོད་མི་ལྷན་འཛོམ་བའི།།

བཀྲ་ཤིས་སྨོན་འདུན་ཐོག་མ་དེ་རིང་ཞུ།།

བཀྲ་ཤིས་ཁྱིམ་ཚང་ཕ་མ་ཉིས་འཛོམས་ནང་།།

བཀྲ་ཤིས་བུ་ཕྲུག་བདེ་ཞིང་སྐྱིད་པ་དང་།།

བཀྲ་ཤིས་ཤེས་རིག་འཕེལ་ཞིང་རྒྱས་གྱུར་ཏེ།།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

བཀྲ་ཤིས་སྐུ༵་ལ་བར་ཆད་ཞི་བ་དང་།།

བཀྲ་ཤིས་གསུ༵ང་ལ་འགག་པ་མེད་པའི་ངང་།།

བཀྲ་ཤིས་ཐུ༵གས་ཀྱི་བཞེད་དོན་ལྷུན་གྲུབ་ནས།།

བཀྲ་ཤིས་བླ་མའི་མཛད་འཕྲིན་རྒྱས་པར་ཤོག།

བཀྲ་ཤིས་དྲིན་ཆེན་ཕ་མ་ཚེ་རིང་ཞིང་།།

བཀྲ་ཤིས་ཁ་ཏོན་དགེ་སྦྱོར་འཕེལ་བ་དང་།།

བཀྲ་ཤིས་ཡིད་སེམས་བདེ་ཞིང་སྐྱིད་པའི་ངང་།།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

བཀྲ་ཤིས་རིགས་མཐུན་སྤུན་ཟླ་མིང་སྲིང་རྣམས།།

བཀྲ་ཤིས་འདོད་དོན་མ་ལུས་ལྷུན་གྲུབ་སྟེ།།

བཀྲ་ཤིས་དགེ་མཚན་རྟག་ཏུ་བཞད་པ་དང་།།

བཀྲ་ཤིས་ཁ་དྲོ་འཆམ་མཐུན་འོང་བར་ཤོག །

བཀྲ་ཤིས་དགེ་འདུན་སྡེ་རྣམས་ཁྲིམས་གཙང་ཞིང་།།

བཀྲ་ཤིས་བསླབ་གསུམ་ཉམས་ལེན་རྒྱས་པ་དང་།།

བཀྲ་ཤིས་འཆད་རྩོད་རྩོམ་གསུམ་བྱ་བ་རྣམས།།

བཀྲ་ཤིས་དབྱར་མཚོ་བཞིན་དུ་འཕེལ་བར་ཤོག །

བཀྲ་ཤིས་སློབ་རར་སློབ་ཕྲུག་ཕོ་མོ་རྣམས།།

བཀྲ་ཤིས་ཤེས་རིག་ཡོན་ཏན་རྒྱས་གྱུར་ཏེ།།

བཀྲ་ཤིས་དོན་བཟང་མི་ཚེའི་མདུན་ལམ་དག།

བཀྲ་ཤིས་ལོ་ལེགས་འོང་བའི་སྨོན་འདུན་ཞུ།།


  • ལེ་ཚན་སྔོན་མ།:རྒོད་པོ།
  • ལེ་ཚན་རྗེས་མ།:སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་སྦྱར་བའི་སྨོན་ཚིག