ཁྱོད་དྲན་པ་འདི་སྡུག་བསྔལ་ནག་པོ་ཞིག་རེད།

གསའ།        2019-01-30

རོལ་དབྱངས་སྙན་མོ་དེ་གཏོང་མཚམས་བཞག་ཟིན།

ཆང་ཕོར་ཁ་ནས། ཁྱོད་དྲན་པའི།

མཚན་མོ་ཁེར་ཧྲེང་གིས་བསྐྱལ་བ་བརྗེད་རྒྱུ་ཞིག་མི་འདུག

ཟླ་འོད་འཇམ་ཐང་ངེ་།

ཁྱོད་རང་དྲན་པའི་ཟོལ་གྱིས་ཤར།

ཡིད་གཉིས་མཆི་མས་བརླན་ཞོར།

ཁྱོད་རང་སེམས་སུ་ཡང་ཡང་འཁོར་བ།

སྟོན་མཇུག་གི་དུས་ཚིགས་ཤིག་རེད།

ཉིན་མཚན་གཉིས་ནི།

ལྷན་དུ་སྦྲེལ་རྒྱུ་དཀའ་བ་ལྟར།

འུ་གཉིས་ཀྱང་། སྟོང་བསམ་གྱི་འཇིག་རྟེན་འདི་རུ།

ཚེ་གང་ལ་མཉམ་དུ་འདུག་རྒྱུ་དཀའ་མོད།

སྒུག་པའི་ཉིན་མཚན་ལ་མཐའ་ཞིག་གདའ་ན།

སྡུག་བསྔལ་འདིའང་དགའ་བར་བསྐྱེད་ཆོག 

ཁྱོད་དང་མཉམ་དུ་ཉིན་གཅིག་ལ་བསྡད་པས་ཆོག

ང་ཡི་སྙིང་ཉེ་བའིG


  • ལེ་ཚན་སྔོན་མ།:རྣམ་རྟོག་གི་དུ་ཞགས།
  • ལེ་ཚན་རྗེས་མ།:འུ་གཉིས་ལ་དཀྲོལ་མ་ཚར་བའི་རོལ་དབྱངས་ཡོད།