ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་བྱ་བར་རྟོག་ཞིབ་མཛད།

        2018-06-19

 ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་མཚོ་དམག་ལས་ཁུངས་ཀྱི་ཁྲི་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བརྩེ་བའི་ཐུག་འཕྲད་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་རྟོག་ཞིབ་མཛད་སྐབས། དུས་རབས་གསར་པའི་ཏང་གི་སྟོབས་ལྡན་དམག་དཔུང་གི་བསམ་བློ་ལག་བསྟར་ནན་མོ་བྱས་ཏེ། ཆབ་སྲིད་དམག་འཛུགས་དང་བཅོས་སྒྱུར་སྟོབས་ལྡན་དམག་དཔུང་། ཚན་རྩལ་དམག་དར། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚུལ་སྒྱུར་འཛུགས་སྐྲུན་རེ་བ་ལག་བསྟར་བྱས་ནས། ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཉིན་དེར་ཞི་ཅིན་ཕིང་བྱང་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལས་ཁུངས་སུ་ཕེབས་ཏེ་བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་ཁྲི་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་བརྩེ་བའི་ཐུག་འཕྲད་བྱས་པ་དང་བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་བྱ་བ་ཡར་ཞུ་བྱས་པར་ཉན་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་འགྱུར་ལྡོག་གསལ་བོར་ཤེས་པར་བྱེད་པ་དང་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བྱ་བ་དམ་འཛིན་བྱས་ཏེ། དམག་འཐབ་འཆར་འགོད་དང་སྟོབས་ཤུགས་བྱེད་ཐབས་འཛུགས་སྐྲུན། བཀོད་འདོམས་མ་ལག་འཛུགས་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། དུས་རབས་གསར་པའི་དམག་དོན་སྦྱོང་བརྡར་སྲོལ་ཡིག་དང་དམག་དོན་སྦྱོང་བརྡར་རྩ་གནད་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་སྦྱོང་བརྡར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། སྦྱོང་བརྡར་རྣམ་པ་གསར་སྐྲུན་བྱེད་པ་དང་སྦྱོང་བརྡར་ལྟ་ཞིབ་ལ་གཟབ་ནན་བྱེད་དགོས་ཟེར།

  ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྒྱུར་ཕན་ཡོད་ཆ་རྐྱེན་བཀོལ་སྤྱོད་བཟང་བོ་བྱེད་པ་དང་མཚོ་དམག་གི་ཚུལ་སྒྱུར་འཛུགས་སྐྲུན་རེ་བ་ལག་བསྟར་བྱས་ནས་འཐབ་མཁས་སྟོབས་ཤུགས་མྱུར་དུ་ཇེ་ཆེར་གཏོང་དགོས། ཧུར་ཐག་སྒོས་ལག་ལེན་འཚོལ་ཞིབ་བྱེད་པ་དང་ཞན་ཆ་ཁ་གསབ་བྱས་ནས་མྱུར་དུ་ནུས་པ་ཇེ་ཆེར་གཏོང་དགོས། རྒྱང་རིང་གི་འཆར་འགོད་དང་རིམ་པ་མཐོ་བའི་ཇུས་གཞི་ལ་ཤུགས་བསྣན་ནས་མཚོ་དམག་མཁའ་སྐྱོད་དམག་མིའི་ཚུལ་སྒྱུར་འཛུགས་སྐྲུན་ལག་བསྟར་བྱེད་དགོས་ཟེར།

  ཞི་ཅིན་ཕིང་གིས་བསྟན་དོན། དམག་དཔུང་གིས་དམག་དམངས་མཉམ་བསྲེས་འཕེལ་རྒྱས་བྱ་བ་བཟང་བོར་སྒྲུབ་པ་དང་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། ལམ་ལུགས་རྐྱེན་དང་འཕེལ་རྒྱས་རྣམ་པའི་གསར་སྐྲུན་ལ་ཤུགས་སྣོན་དགོས་ཟེར།།


  • ལེ་ཚན་སྔོན་མ།:«བརྩེ་དུང་གི་གླུ་པ»བོད་དུ་སླེབས།
  • ལེ་ཚན་རྗེས་མ།:ཨ་རི་དང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་ཐོ་བཀོད།
  • དོ་སྣང་ཆེ་བའི་རྩོམ།