ཨ་རི་དང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་ཐོ་བཀོད།

    མི་དམངས་དྲ་བ།    2018-06-19

ཨ་རི་དང་ཁོ་རེ་ཡ་བྱང་མའི་འགོ་ཁྲིད་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ལ་མིང་ཐོ་བཀོད།

   

ཟླ་6ཚེས་12ཉིན་གྱི་ཕྱི་དྲོར། སིང་ཀ་ཕོར་ཧྲེན་ཐའོ་ཧྲ་གླིང་ཕྲན་གྱི་ཅ་ཕའེ་ལེ་མགྲོན་ཁང་དུ། བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་གཉིས་འཛུམས་མདངས་དང་བཅས་ཏེ་ཡིག་ཆར་མིང་རྟགས་བཀོད་པ་དང་། གློག་འོད་ལྷང་ལྷང་འཚེར་བའི་འོག་ཁོང་གཉིས་ཀྱིས་སླར་ལག་པ་གཏོང་རེས་བྱས་པ་རེད། ཅིན་ཀྲེང་ཨེན་དང་ཐེ་རོམ་ཕུ་གཉིས་ཉིན་དེར་ཁོ་རེ་ཡ་བྱང་མ་དང་ཨ་རི་གཉིས་ཀྱི་འགོ་ཁྲིད་བར་དུ་ལོ་རྒྱུས་སུ་ཐོག་མར་ཐུག་འཕྲད་བྱས་པ་མ་ཟད། ད་དུང་མཉམ་འབྲེལ་གསལ་བསྒྲགས་ཀྱི་ཡིག་ཆ་ལ་མིང་རྟགས་བཀོད་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་བྱ་བར་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་“འཛམ་གླིང་ཡོངས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང་”གི་དམིགས་བསལ་སྒྲོག་སྒོར་དབུ་ཚོགས་ལ་ཞུགས་མཁན་ཕྱི་ཕྱོགས་སྐུ་ཚབ་དང་མཇལ་འཕྲད་གནང་བ་མ་ཟད་བཞུག
  • དོ་སྣང་ཆེ་བའི་རྩོམ།