2018-06-12
ནུབ་གླིང་གི"སྒྲུང་དཔེའི"ལུགས་ལྟར་བཟོས་པའི་བོད་ཡིག་གི་དེབ།
ཁ་ཟུ་ཨོ•ཨི་ཤུ་གུ་རོ་མཆོག་གི་མཁྱེན་རྩལ་དང་། སྒོ་ཡོན་གྱི་ཡིག་རྩལ།
«བརྩེ་དུང་གི་གླུ་པ»ཞེས་པའི་བོད་ཡིག་གི་དེབ་ཆུང་གསར་པ་འདི་ནི། འཛམ་བུའི་གླིང་གི་ད་ལྟའི་བརྩམས་སྒྲུང་བྱེད་པ་པོའི་ཁྱུ་མཆོག་ཁ་ཟུ་ཨོ•ཨི་ཤུ་གུ་རོ་ལགས་ཀྱིས་མཛད་པའི་སྒྲུང་ཞིག་ཡིན་པ་དང་། དེར་མངོན་སུམ་དང་འཁྲུལ་ཤེས། སྐྱོ་སྣང་དང་བརྩེ་དུང་། དངོས་ཡོད་དང་ཕུགས་བསམ་སོགས་རྐྱ་འཐབ་པའི་ཆེས་ཕལ་པ་དང་ཆེས་ངོ་མཚར་ལྡན་པའི་གཏམ་རྒྱུད་བརྗོད་ཡོད་པ་སྟེ། ད་སྔོན་འཛམ་གླིང་ཤར་ནུབ་ཀྱི་དཔྱོད་ལྡན་ཀློག་པ་པོ་དུ་མའི་ཡིད་དབང་རྣམ་པར་འཕྲོགས་ཤིང་། རྩོམ་རིག་དཔྱད་བརྗོད་པ་མང་པོས་ཀྱང་དཔྱད་བཟོད་པའི་ཡུལ་དུ་གྱུར་པ་ཞིག་གོ།
མཛད་པ་པོ་ངོ་སྤྲོད་མདོར་བསྡུས།
1954ལོར་འཇར་པན་དུ་སྐུ་འཁྲུངས། 1960ལོར་ཁྱིམ་མི་དང་མཉམ་དུ་དབྱིན་ཇིའི་ཡུལ་དུ་གཞིས་སྤར། དགུང་ལོ་ཉེར་དགུ་ཙམ་ནས་བརྩམས་སྒྲུང་དང་འཁྲབ་གཞུང་སོགས་མང་པོ་མཛད་པ་ལ། 1988ལོར་དབྱིན་ཇིའི་བྷོ་ཁིར་གཟེངས་རྟགས(Booker Prize)བཞེས་པ་དང་། 2017ལོར་འཛམ་གླིང་ནོ་བྷེལ་རྩོམ་རིག་གཟེངས་རྟགས(Nobelprize in literature)བཞེས་པ་ཡིན་ནོ།།
སྒྱུར་བ་པོ་ངོ་སྤྲོད་མདོར་བསྡུས།
སྒོ་ཡོན། 1988ལོར་བོད་མདོ་ཁམས་བྲག་མགོ་རུ་སྐྱེས་ཤིང་། སྔ་ཕྱིར་ཁམས་དང་པེ་ཅིང་སོགས་སུ་སློབ་གཉེར་གནང་མྱོང་། གསར་རྩོམ་གྱི་ལས་ལ་ཞུགས་ནས་རིམ་བཞིན༼རང་རིག་རང་གསལ༽དང༼སྣང་ཚོར་རོ་མཉམ༽སོགས་བརྩམས་ཆོས་པོ་ཏི་བཅུ་ལྷག་མི་རིགས་དཔེ་སྐྲུན་ཁང་སོགས་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས། ད་ལྟའི་བར༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དང༼སྦྲང་ཆར༽༼ཀློག་པ་པོ༽སོགས་སུ་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་སྤེལ་བ་དང་། དེ་དག་ལས་ཁ་ཅིག་དབྱིན་ཡིག་དང་རྒྱ་ཡིག་ཁག་ཏུ་བསྒྱུར་འདུག་གོ།
སྒྱུར་བ་པོའི་སྐད་ཆ།
ཞུ་བར་བྱ་བ་ལ། ཐེངས་འདིར་བརྩམས་ཆོས་གང་ཉིད་ཡུལ་གངས་ཅན་གྱི་སྐད་དུ་ཐོག་མར་བསྒྱུར་པ་ལ། སྒྱུར་མཁན་གྱིས་འདི་ལྟར་མ་ཡིག་ལ་བློ་དཀར་བ་དང་བོད་སྐད་རྣལ་མའི་རོ་བཅུད་ཡོད་པ། གོ་བ་བདེ་བླག་ཏུ་ལེན་ཐུབ་པ་བཅས་ཀྱི་རྩ་དོན་གཞིར་བཟུང་བར་མ་ཟད། མ་ཡིག་དང་བུ་ཡིག་གཉིས་ཀ་ཕན་ཚུན་ཡང་ཡང་བསྡུར་ཏེ། འགྱུར་སྤུས་ལེགས་པོ་ཞིག་འབྱུང་བར་འབད་བརྩོན་ཆེར་བསྐྱེད་བྱས་ཡོད།།
༼རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10