2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་འགོ་བརྩམས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2018-06-05

2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་འགོ་བརྩམས་པ།

  ཟླ6པའི་ཚེས2ཉིན། 2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་འགྲེམ་ཚོགས་ཀྱིས་ལྗང་མདོག་ལྷད་མེད་ཀྱི་ས་གདན་འཐག་ནས་རྒྱུད་གཅིག་ལམ་གཅིག་གི་ཟམ་པ་འཛུགས་རྒྱུ་བརྗོད་སྙིང་དུ་བྱས་ཡོད་པ་དང་། འགྲེམ་ཚོགས་ལ་བསྡོམས་པས་འགྲེམ་སྟོན་བྱེད་ས2000བཀོད་སྒྲིག་བྱས་ཡོད་ལ། གཙོ་བོར་རྒྱལ་ཁབ་ཕྱི་ནང་གི་གནའ་བོའི་ས་གདན་དང་། རྒྱལ་ཁབ་སོ་སོའི་སྤུས་ལེགས་ལག་འཐག་ས་གདན་དང་འཕྲུལ་འཐག་ས་གདན། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་གྱི་བོད་ལུགས་ས་གདན་རིག་གནས་དང་ས་གདན་གྱི་རི་མོ་ཇུས་འགོད་སོགས་འགྲེམ་སྟོན་བྱེད་ཀྱིན་ཡོད། མིག་སྔའི་བར་དུ། ཐེངས་འདིའི་འགྲེམ་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ34ནས་ཡོང་བའི་ཁེ་ལས243དང་། རྒྱལ་ནང་གི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས31དང་། ཞང་ཀང་། ཨའོ་མིན། ཐའེ་ཝན་བཅས་ས་ཁུལ་ནས་ཡོང་བའི་ཁེ་ལས400ལྷག་གིས་མིང་ཐོ་བཀོད་དེ་འགྲེམ་ཚོགས་ཁྲོད་ཞུགས་ཡོད་དེ། སྐུད་ལམ་སྟེང་འགྲེམ་ཚོགས་ལ་དོ་སྣང་བྱེད་བཞིན་པའི་ཚོང་མགྲོན་དང་མང་ཚོགས་ཁྲི30ལྷག་ཡོད་པ་རེད། 

2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་འགོ་བརྩམས་པ།

  ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་ལོ15ཡི་འཕེལ་རྒྱས་བརྒྱུད་དེ། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་པ་མ་ཟད། མཚོ་སྔོན་གྱིས་དུས་རབས་གསར་བའི་ནང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པའི་ཐད་སྐུལ་འདེད་བཏང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཐད་བྱས་རྗེས་མི་དམན་པ་བཞག །

2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་འགོ་བརྩམས་པ།

2018ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་བོད་ལུགས་ས་གདན་འགྲེམ་ཚོགས་འགོ་བརྩམས་པ།

  • ལེ་ཚན་སྔོན་མ།:2018ལོའི་གོ་ལ་ཧྲིལ་པོའི་ཚང་གསོས་དོམ་ཁྲ་མཚེ་མ་ཐོག་མར་སྐྱེས་པ།
  • ལེ་ཚན་རྗེས་མ།:«བརྩེ་དུང་གི་གླུ་པ»བོད་དུ་སླེབས།
  • དོ་སྣང་ཆེ་བའི་རྩོམ།