རེ་བའི་ནས་འབྲུ་གསོན་པོ།

ཞི་འཚོལ།        2018-04-12

ཡངས་པའི་ས་གཞི་ལ་ཁེན་ཏེ།

སེམས་པས་འཇལ་བའི་འཇིག་རྟེན་འདིར།

སྔོན་ལས་ཀྱི་སྣེ་མོར་འཚོ་མལ་བཅས།

 

ངའི་རྨི་ལམ་གྱི་ངོས་གཞིར།

གཞོན་ནུ་མའི་ལག་ཟུང་ནང་དུ།

འཚོ་རྟེན་གྱི་ས་བོན་གསོན་པར།

འབྲུ་དྲུག་གི་སྙེ་མ་རབ་ཏུ་གཡོ།

 

ངས། ཁྲེལ་མེད་ཀྱི་འོད་ཐིག་ཅིག་ལས།

སོ་ནམ་པའི་ངོ་རིས་ལྟ་བུའི་ཁྱོར་བ་མཐོང་།

ཡང་ན། ཆེས་མཐའ་མཇུག་གི་སྨོན་ལམ་ལས།

ངས་རང་ཉིད་ལ་སོ་ནམ་པ་ཞིག་བྱ་བར་སྐུལ།


  • ལེ་ཚན་སྔོན་མ།:སྣང་བའི་ཁྲོད་ཀྱི་ས་བོན།
  • ལེ་ཚན་རྗེས་མ།:ལག་མཐིལ་ནང་ལྟ་བ།