ལག་མཐིལ་ནང་ལྟ་བ།

རང་རིག        2018-04-12

ངའི་གན་དུ་རང་དགར་རྒྱུ་བའི་བྱིས་པ་ཚོས།

ལྕུག་ཕྲན་རེར་བཞོན་ཏེ་འཇིག་རྟེན་འདི་ཧ་ཅང་ཆུང་རབས་གླེང་།

གླག་གིས་སྡེར་མོས་ཅིའང་དབྲད་ཐུབ་པར་རློམ་པ་བཞིན།

ཁོང་ཚོས་ཨ་མས་བསྟབས་པའི་དོང་རྩེས་མངར་ཟས་རེ་ཉོས་ཏེ།

ནུར་འགྲོས་ཤིག་གིས་ཕྱོགས་དང་མཚམས་སུ་བསླེབ་པར་འདོད།

ལྕུག་ཕྲན་གྱི་སྣེ་རུ་དར་ལྕེ་ཞིག་བསྒྲེངས་ནས།

ཁབ་མིག་ནང་འཇིག་རྟེན་ཤོང་བར་བཤད་དྲག་སྟེ།

ད་ཆ་སོ་སོ་གང་དུ་ཡོད་པའང་འཆད་ཤེས་ཀྱིན་མི་འདུག

མི་ཚོགས་ཁྲི་འབུམ་གྱི་གསེང་དུ་ཅིའང་མེད་ན་ཆོག་མོད།

རང་ཉིད་གང་དུ་མཆིས་པའི་ས་ཁྲ་དེ་འབོར་ན་འགྲིག་གམ།

ཉི་མར་གོ་ལས་སྐོར་བ་བཞིན།

ཁོང་ཚོ་རླུང་ནག་ཅིག་གིས་བྲག་གཡང་དུ་འདྲུད་ཉེ་འདུག


  • ལེ་ཚན་སྔོན་མ།:རེ་བའི་ནས་འབྲུ་གསོན་པོ།
  • ལེ་ཚན་རྗེས་མ།:གྲོགས་པོ།